ཟླ་བཞི་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་གི་པྲོག་གསར་གློ་ཚད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། དབྱེ་འབྱེད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། རེ་བ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་བར་དབྱེ་ཞིབ་དང་དབྱེ་འབྱེད་བྱེད་པ། དུས་རིམ་གསར་བའི་བྱ་བའི་གཙོ་གནད་དང་ལས་འགན་གལ་ཆེན་འབུར་དུ་ཐོན་པར་བྱས་ནས། རིམས་ནད་ཕྱི་ནས་ནང་དུ་ཁྱབ་པ་དང་ནང་ཁུལ་ནས་ཡང་བསྐྱར་མཆེད་པའི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་། བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱེད་པ་དང་། བྱེད་ཐབས་ལེགས་སྒྲིག་བྱེད་པ། ཡུལ་གནད་གཙོ་བོ་དང་སྡེ་ཁག་གཙོ་བོ། མི་ཚོགས་གཙོ་བོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ནད་རྟགས་མི་མངོན་པའི་ནད་པར་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས། རྒྱུན་ལྡན་གྱི་སྔོན་འགོག་ཚོད་འཛིན་འོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བྲེལ་མྱུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་ལག་བསྟར་ལ་ཤུགས་སྣོན་པ། ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། རིགས་མི་འདྲ་བའི་མཁོ་འདོན་ལ་འགན་སྲུང་བྱེད་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་དང་། དམངས་ཚིས་དོན་དངོས་བཟོ་སྐྲུན་མྱུར་དུ་ལག་བསྟར་བྱེད་པ། མས་སྐྱོར་འགན་སྲུང་བཟང་བོ་བྱས་ནས། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་སུ་གཏོང་བར་དམ་འཛིན་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ལས་ཐོན་སླར་གསོའི་བདེ་འཇགས་འགོག་བཅོས་བྱ་བ་དམ་འཛིན་བྱེད་དགོས། རྩ་བའི་སྟེང་ནས་དོན་རྐྱེན་དང་ཉེན་ཁ་མེད་པར་བཟོ་བར་དམིགས་ནས། ཞིང་ཆེན་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྐྱོང་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང་། བདེ་འཇགས་ཉེན་ཁར་ཚོད་འགོག་ཐག་གཅོད་བྱེད་པ། དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གནད་དོན་ཐག་གཅོད་པ་དང་ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་རྒྱུ་དེ་བཅོས་སྐྱོང་གི་གནད་འགག་ཏུ་བརྩིས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རྨང་གཞིའི་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ། འཕྲལ་བསྟུན་ཐག་གཅོད་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་བསྐྲུན་དགོས་ཟེར།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲིན། ཀྲང་ལིས། ལིའུ་ཐོ། དབྱང་ཀྲིན་ཝུན། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།