ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་སོ་བརྒྱད་པ་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་སྙན་ཞུར་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན་དང་ཝུའུ་ཧེ་ཁུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཟུར་ཞུགས་བྱས།
ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་སྲིང་ལྷོད་མེད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སློབ་སྦྱོང་དང་ཤེས་རྟོགས་ཐད་མུ་མཐུད་ཤུགས་སྣོན་པ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་སྟོན་དགོས།དམངས་འཐུས་ཚོགས་ཆེན་གྱི་དོན་དངོས་དང་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་དངོས་འབེབས་ལོ”སོགས་ཀྱི་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དག་ཐེར་དང་དོན་འཁྱོལ་མུ་མཐུད་དམ་འཛིན་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཡུན་རིང་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས་ཟེར།
ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཅང་གོ་ཝུན་གྱིས་སྒྲིག་འགལ་ཚབས་ཆེན་བཟོས་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱས་ནས། བསམ་བློའི་ངོས་འཛིན་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཕུགས་བསམ་དད་སེམས་འདུན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་ཆུད་པར་བྱེད་པ། སྤྱོད་གཙང་གི་མཐའ་ཚད་ནན་མོར་སྲུང་བ་བཅས་བྱེད་དགོས་ཟེར།
ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཏང་ཙུའུ་ཡི་རང་བདག་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ། འགན་འཁྲི་སྒྲུབ་པ་དང་དབང་ཆ་སྤྱོད་རྒྱུ་ཤུགས་སྣོན་སར་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་རྩ་དོན་དང་ཁྲིམས་ལྟར་ཚན་རིག་དང་མཐུན་ལ་ཚད་ལྡན་དང་གཟབ་ནན་གྱི་ལས་ཀའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་ལས་དོན་ལ་ཤུགས་སྣོན་པ། ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བྱ་ཐབས་ལ་ཤུགས་སྣོན་པ་བཅས་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་དང་ལས་དོན། འཛུགས་སྐྲུན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཨུ་ཡོན། ལས་བྱེད་པ་བཅས་ཀྱིས་མཉམ་དུ་དམ་འཛིན་བྱེད་པ། ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན་བཅས་མཉམ་དུ་འཛུགས་སྐྱོང་བཅས་བྱས་ནས། ཏང་ལ་ལྷག་བསམ་རྣམ་དག་གི་ཆབ་སྲིད་ལས་ཁུངས་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་དབང་ཆའི་ལས་ཁུངས། དམིགས་ཡུལ་ལག་ལེན་དུ་བསྟར་བའི་འཐུས་མིའི་ལས་ཁུངས། དངོས་སྒྲུབ་འགན་འཁུར་གྱི་དཔེ་བཟང་ལས་ཁུངས་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།