ཝང་ཅན་ཅུན་གྱིས་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་ལྔ་བའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཇེ་བརྟན་དུ་གཏོང་བ། ཐོན་ཁུངས་ཀྱི་རང་སྤུས་དང་དགེ་མཚན་དངོས་ནས་རྐང་ཚུགས་པར་བྱེད་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ལྟེ་གནད་ཐོན་ལས་སྦྲེལ་ཐག་བསྐྲུན་པ་བཅས་བྱས་ནས། གུང་ཧོ་གཤོང་ས་དེ་དར་ཞིང་འཕེལ་བའི་གཏེར་གཞོང་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

མཚོ་ལྷོ་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་དུ་ཝང་ཅན་ཅུན་གྱིས་མཚོ་ལྷོ་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དབུལ་ཐར་མཁྲེགས་གཏོར་གྱི་ངོ་སྤྲོད་ལ་ནན་ཏན་ངང་ཉན་པ་དང་། དབུལ་སྐྱོར་ཐོན་རྫས་འགྲེམས་སྟོན་དང་གློག་རྡུལ་ཚོང་ལས་ཉོ་འཚོང་། “དྲ་ཐོག་གི་མི་སྣ་གྲགས་ཅན”གྱིས་ཐད་གཏོང་གི་ཐབས་ལ་བརྟེན་ནས་དངོས་ཟོག་འགྲེམ་ཚོང་བྱེད་པ། ན་གཞོན་གྱི་ལས་སྐྲུན་སྐྱེད་སྲིང་སོགས་ཀྱི་གནས་ཚུལ་ལ་བལྟས་རྗེས་བསྟན་དོན། དབུལ་ནག་གཙང་སེལ་བྱས་རྗེས། སྤྱིར་བཏང་གི་དབུལ་ཕོངས་ཐག་གཅོད་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱེད་པ་དང་། ཐོན་ལས་དེ་བརྟན་པོའི་ངང་དབུལ་ཐར་མངོན་འགྱུར་བྱེད་པའི་རྩ་བའི་ཐབས་ཇུས་སུ་བརྩི་བ། གྲོང་གསེབ་དར་རྒྱས་གཏོང་བའི་དཔལ་འབྱོར་རྨང་གཞི་སྔར་ལས་བརྟན་དུ་གཏོང་བ། འཚོ་བ་འབྱོར་ཕྱུག་གི་བློས་འགེལ་ཆོག་པའི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ཀྲུང་དབྱང་སྐོར་ཞིབ་བྱ་བའི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་དམ་འཛིན་ཡག་པོ་བྱེད་པ་དང་། དག་ཐེར་གྱི་ཇུས་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཡོངས་ཁྱབ་ཞིབ་བཤེར་ལ་བརྟེན་ནས་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཚད་གཞི་དང་རེའུ་མིག་བསྡུར་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་དམིགས་ཚད་བཟོ་བ། གནད་འཁེལ་ཇུས་འདོན་རྒྱུན་འཁྱོངས་བྱེད་པ། ཞན་ཆ་གསབ་པ། སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ལེགས་སྒྲུབ་བཅས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་ནས། དབུལ་ཐར་མཁྲེགས་གཏོར་གྱི་མཚོ་སྔོན་གྱི་ལེའུར་སྤྱི་སྡོམ་ཡག་པོ་བྱེད་པ་དང་། མཚོ་སྔོན་གྱི་དབུལ་ཐར་གྱི་གྲུབ་འབྲས་དྲིལ་བསྒྲགས་ཡག་པོ་བྱེད་པ། ཐག་གཅོད་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱེད་དགོས་ཟེར།

གུང་ཧོ་རྫོང་ཨེར་རྟི་ཞང་ཆོས་ཚ་སྡེ་བའི་ཡུལ་གཞན་གནས་སྤོས་དབུལ་སྐྱོར་བྱེད་གནས་སུ་ཝང་ཅན་ཅུན་གྱིས་གནས་སྤོར་སྡོད་ཁང་དང་ཆ་སྡེབས་སྒྲིག་ཆས། སྡེ་བའི་འཕྲོད་བསྟེན་ཁང་སོགས་འཛུགས་སྐྲུན་ལ་ལྟ་ཞིབ་བྱས་ཏེ། འབྲོག་པ་མང་ཚོགས་དང་གླེང་མོལ་བྱས་པར་མ་ཟད། སྐབས་བསྟུན་ངང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཁྱིམ་ཚང་གི་ཡོང་འབབ་རེ་རེ་བཞིན་ཞིབ་བསྡུར་བྱས་ནས་བསྟན་དོན། ཏང་གི་སྲིད་ཇུས་བཟང་པོ་ལས་མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཀྱིས་དབུལ་ཐར་མཁྲེགས་གཏོར་ཐད་མ་དངུལ་བཏང་བ་དང་ལྷག་པར་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཞི་རྩའི་སྤྱི་པའི་ཞབས་ཞུར་འགན་ལེན་བྱས་པས། མང་ཚོགས་དབུལ་པོར་ཕན་པ་ཐོབ་པར་མ་ཟད། རྒྱ་ཆེའི་རོང་འབྲོག་མི་དམངས་ཚང་མ་ཕན་པ་ཐོབ་མཁན་ཡིན་པ་བསྟན་ཡོད། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། འཚོ་བ་ཡག་པོ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྔར་ལས་བདེ་སྐྱིད་དང་ལྡན་པར་བྱེད་དགོས་ཟེར།

གུང་ཧོ་རྫོང་ཐེ་ཀེ་ཞང་ཝུའུ་ལེ་སྡེ་བའི་འབྲི་གཡག་གསོ་སྤེལ་རྟེན་གཞིར་ཝང་ཅན་ཅུན་གྱིས་འབྲོག་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་ལ་བལྟས་ཏེ་བསྟན་དོན། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་འབྲོག་ལས་ཚོད་ལྟའི་ཁུལ་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། དེང་རབས་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྩྭ་སར་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་དང་རྩྭ་ཕྱུགས་མཉམ་འགུལ། ཞིང་འབྲོག་ཟུང་འབྲེལ་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བྱས། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་ཐོན་ལས་མནའ་འབྲེལ་སྐྱེད་སྲིང་དང་རོགས་སྐྱོར་བྱེད་པ་དང་། ཞིང་འབྲོག་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རོང་འབྲོག་མང་ཚོགས་ཐོན་ལས་འཁོར་འབྲེལ་གཉེར་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ། ཞིང་འབྲོག་ལས་ཚུལ་སྒྱུར་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་གྱི་ལིའུ་ཐུང་སྡེ་བ་སྟོད་མ་དང་རྨ་ཤར་ཞང་ཚ་ཏ་སྡེ་བ་རུ། ཝང་ཅན་ཅུན་གྱིས་དྲ་སྦྲེལ+སྣོད་བཅུད་རིག་ནུས་ཚན་རྩལ་ཞིང་ལས་ལྟ་སྐོར་དཔེ་སྟོན་གླིང་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། ཞིང་ར་བཅོས་སྐྱོང་བཅས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ལས་གཞིར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྲུང་སྐྱོབ་ནི་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་བར་ཅིས་ཀྱང་སྲུང་སྐྱོབ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཀྱི་མཐའ་ཚད་དང་ཉེན་གནས་བརྟན་པོ་བསྲུངས་ནས། སྐྱེ་ཁམས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཐོན་ཁུངས་སུ་བསྒྱུར་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཟེར། ཝང་ཅན་ཅུན་གྱིས་རྨ་ནུབ་གྲོང་རྡལ་མུའུ་ཀན་སྡེ་བའི་ལ་ཟེ་བ་ཆུ་འདྲེན་བཟོ་སྐྲུན་ས་ཁུལ་གྱི་ ་ཨར་ལས་མི་སྣར་འཚམས་འདྲི་དང་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན། ཞིང་ཆེན་གྱིས་དོ་དམ་དང་ཁུལ་གྱིས་ འཛུགས་སྐྲུན། རྫོང་གིས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། གཅིག་ནས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལ། གཉིས་ནས་འཁོར་སྐྱོད་ཡག་པོ་བྱེད་དགོས། དེ་ལས་ཀྱང་དོ་དམ་སྲུང་སྐྱོབ་ཡག་པོ་བྱས་ཏེ་ལས་གཞི་སྔ་ཙམ་ནས་ཕན་འབྲས་ཐོན་པར་བྱེད་པ་དང་། མང་ཚོགས་ལ་སྔ་ཙམ་ནས་ཕན་ཁེ་ཐོབ་པར་བྱེད་དགོས་ཟེར།

ཡུས་ཚུང་ལི་དང་ཀྲང་ཝུན་ཁུའེ་གོང་གསལ་རྟོག་ཞིབ་བྱ་འགུལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།