ཀན་སུའུ་དང་མཚོ་སྔོན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་དང་གྲོས་མཐུན་འགོད་པའི་མཛད་སྒོ་ལན་ཀྲི་ནས་བསྡུས།
2020.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཀན་སུའུ་དང་མཚོ་སྔོན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་དང་གྲོས་མཐུན་འགོད་པའི་མཛད་སྒོ་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་ལན་ཀྲི་ནས་བསྡུས། ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལེན་ཏའོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཐང་རིན་ཅ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གཉིས་ཀྱིས་སོ་སོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གོ་རིམ་རྗེས་མའི་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་མཉམ་འཛུགས་བྱེད་པའི་མཉམ་ལས་གཙོ་གནད་ངོ་སྤྲོད་བྱས།

ལེན་ཏའོ་ཡིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་མི་དམངས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀན་སུའུ་རུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཀན་སུའུ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིས་ཞུས། ཁོས་བཤད་རྒྱུར། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ནི་རི་ཆུ་གཅིག་ཏུ་སྦྲེལ་ཞིང་ལོ་རྒྱུས་ཀྱི་མུ་རྒྱུད་གཅིག་དང་རིག་གནས་ཀྱི་འགོ་ཁུངས་གཅིག་ཡིན་ལ། མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ས་ཆ་གཉིས་ཀྱི་ཐུན་མོང་གི་རེ་བ་ཡིན་པ་དང་། ས་ཆ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་གཙོ་བོ་ཡང་ཡིན། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་ལ། ཞིང་ཆེན་གཉིས་དང་གྲོང་ཁྱེར་གཉིས་ཀྱི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཡང་ཡིན་ཟེར། ཁོས་བསྟན་དོན། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་དམིགས་བསལ་རྩོལ་ནུས་ཀྱི་གནས་ཐིག་གཏན་ཁེལ་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་ས་གཉིས་ཀྱི་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་གལ་ཆེན་དུ་བརྩིས་ནས། གོ་གནས་མཐོན་པོས་སྐུལ་འདེད་གཏོང་བ་དང་དུས་བཀག་ལྟར་གྲོས་མོལ་བྱེད་པ། སྦྲེལ་མཐུད་བཟང་བོ་བྱེད་པ། ཕན་མཐོ་ལག་བསྟར་བྱེད་པ་སོགས་ཀྱི་རྐྱེན་སྲོལ་བཙུགས་ཏེ། མཉམ་དུ་ཏང་ཀྲུང་དབྱང་གིས་བསྩལ་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་འཆར་འགོད་དང་ཞིང་ཆེན་གཉིས་ཀྱི་ལག་བསྟར་ཇུས་གཞི་ལྟར། བཟོ་སྐྲུན་པར་རིས་དང་གཡུལ་འགྱེད་པར་རིས་ལ་ཞིབ་འཇུག་བྱེད་པ་དང་གཏན་འབེབས་བྱེད་པ། ལོ་ཧྲིལ་བོའི་ལས་འགན་དང་དུས་རིམ་གྱི་ལས་འགན་དམ་འཛིན་བྱས་ནས། གྲོང་ཁྱེར་ཚོགས་འཛུགས་སྐྲུན་ནན་མོ་བྱེད་པ་དང་ཕན་འབྲས་བཟང་བོ་ལེན་དགོས། རྨང་གཞི་སྒྲིག་ཆས་དང་ཁུལ་ཁོངས་ཐོན་ལས་གྲུབ་ཚུལ། སྐྱེ་ཁམས་སྲུང་སྐྱོབ་མཉམ་ལས། སྒོ་འབྱེད་རྣམ་པ་འཛུགས་སྐྲུན། བདེ་འཇགས་གཏན་འཇགས་སྲུང་སྐྱོབ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། བརྗེ་རེས་སྦྲེལ་མཐུན་ལ་ཤུགས་སྣོན་པ་དང་། མཉམ་ལས་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། རིམ་པ་བཞིན་ལག་བསྟར་བྱེད་དགོས། སྤྱི་ཁོག་གི་སྣེ་ཁྲིད་ནུས་པ་མཐོར་འདེགས་གཏོང་བར་དོ་སྣང་བྱེད་པ་དང་། ལན་ཀྲི་དང་ཟི་ལིང་སྟེ་ལྟེ་གནས་གྲོང་ཁྱེར་གཉིས་སྟོབས་ལྡན་དུ་བསྒྱུར་བ། ཁོངས་ནས་གི་གྲོང་ཁྱེར་ཚོགས་དང་དངོས་ཤུགས་ལྡན་པའི་རྫོང་ཁོངས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས་ཏེ། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་གཞི་ཁྱོན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀན་སུའུ་ཡིས་ཀན་སུའུ་དང་མཚོ་སྔོན་གཉིས་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། མཚོ་སྔོན་བར་གྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ། མཉམ་དུ་འབད་འཐབ་བྱས་ནས། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་དང་ཞིང་ཆེན་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཐད་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་རྒྱུ་ཡིན་ཟེར།

ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རེ་བ་ཟབ་མོ་བཅངས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་གཉིས་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་འཕེལ་རྒྱས་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བསམ་བློའི་མཐོ་ཚད་མཐོན་པོར་འགྲེང་ནས། མཉམ་དུ་ཞིང་ཆེན་གཉིས་ཀྱི་རིག་གནས་མཉམ་ལས་དང་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་གཏན་འཇགས་ངང་ཡུན་རིང་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་རི་ཆུ་གཅིག་འབྲེལ་དང་ཡུལ་བབ་གཅིག་མཚུངས། གཞུང་ལམ་གཅིག་སྦྲེལ། དཔལ་འབྱོར་མཉམ་བསྲེས། དམངས་སྲོལ་གཅིག་མཚུངས་ཡིན་ལ། ང་ཚོས་མི་གཞུང་སྤྲོ་བའི་ཁེངས་པའི་བསམ་བློའི་སྦྲེལ་ཐག་དེར་གཅེས་སྤྲས་བྱེད་པ་དང་། ཞིང་ཆེན་གཉིས་ཀྱིས་མཉམ་དུ་དུས་རབས་གསར་བའི་འཆམ་མཐུན་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ། མཉམ་འབྲེལ་མཉམ་མཐུད་ཀྱི་བརྗེ་རེས་མཉམ་བསྲེས་ཁྲོད་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རེ་བ་གལ་ཆེན་ལག་བསྟར་བྱེད་དགོས། ང་ཚོས་ཀུན་སུའུ་ཡི་འགྱུར་ལྡོག་འཕེལ་རྒྱས་ཐད་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་གྱིས་ཀན་སུའུ་ཡི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ། དབུལ་ཐར་མཁྲེགས་གཏོར། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་སོགས་ཕྱོགས་ཀྱི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། ཞིང་ཆེན་གཉིས་ཀྱིས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དེ་གོ་སྐབས་སུ་བྱས་ཏེ། གྲོས་གཞི་མྱུར་དུ་ལག་བསྟར་བྱེད་པ་དང་། མཉམ་དུ་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རྨ་ཆུའི་བཞུར་རྒྱུན་ས་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་སྐྱེ་ཁམས་བདེ་འཇགས་ལྕགས་རི་འཛུགས་སྐྲུན་བྱེད་པ། དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་སོགས་ཕྱོགས་ནས་དངོས་གཉེར་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་གཉིས་ཀྱི་མཉམ་ལས་བརྗེ་རེས་དང་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཐབ་ལམ་གསར་བ་བཏོད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་རྗེས་སུ། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་སུང་ལེང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གཉིས་ཀྱིས་ཞིང་ཆེན་རིམ་པའི་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད་པ་དང་། ལན་ཀྲི་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར། ཀྲང་ཡེ་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཀ་ཆུ་ཧོས་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་སོ་སོར་གྲོང་ཁྱེར་དང་ཁུལ་རིམ་པའི་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད། ཞིང་ཆེན་གཉིས་ཀྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིན། བཟོ་ལས་དང་ཆ་འཕྲིན་ཅན་ཐིན། སྐྱེ་ཁམས་ཁོར་ཡུག་ཐིན། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ལས་ཞིང་སྡེ་ཐིན། ཚོང་དོན་ཐིན། ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། ནུས་ཁུངས་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་སོ་སོར་ཕྱོགས་བསྡུས་འགྲིམ་འགྲུལ། སྤྱི་ཐུན་ཞབས་ཞུ། ལྗང་མདོག་འཁོར་རྒྱུག་ཐོན་ལས། སྐྱེ་ཁམས་ཁོར་ཡུག མཁར་གྲོང་འཛུགས་སྐྲུན། ཞིང་ལས་ཞིང་སྡེ། ཕྱི་ཕྱོགས་སྒོ་འབྱེད། འཕེལ་རྒྱས་སྟེགས་བུ་གལ་ཆེན། ཚོང་ར་གཞི་གཅིག་ཅན། ནུས་ཁུངས་ཐོན་ཁུངས་བཅས་ཆེད་དོན་ཁྱབ་ཁོངས་ཀྱི་མཉམ་ལས་འགུལ་སྐྱོད་འཆར་གཞི་བཀོད།

ཀན་སུའུ་ཞིང་ཆེན་གྱི་འགོ་ཁྲིད་ལིས་རུང་ཚན་དང་ཝང་ཅཱ་དབྱི། ཁྲིན་ཞོ་པའོ། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞོ་དང་ཡུས་ཚོང་ལི་བཅས་གོང་གི་བྱ་འགུལ་ལ་ཞུགས།