མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཁ་ཤས་ལ་འཚམས་འདྲི་ཞུས།
2020.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ཏེ་སྨྱུང་གྲོལ་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཁ་ཤས་ལ་འཚམས་འདྲི་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཐུས་ཚབ་མི་སྣ་ཀྲི་ཧྥུའུ་ཚེ་ཚང་དུ་མགོན་པོ་བཀྲ་ཤིས་ཀྱིས་ཁོ་ཚང་གི་འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་ཧུར་ཐག་སྒོས་འབོད་སྐུལ་དང་དུ་བླངས་ཏེ། སྤོབས་པ་ཆེར་བསྐྱེད་སྒོས་རིམས་ནད་འགོག་རྒོལ་ཐད་ལ་ནུས་ཤུགས་གང་ཡོད་བཏོན་པ་དང་དཀའ་ཁག་སྣ་ཚོགས་ཁྱད་དུ་སེལ་ཞིང་། ལས་ཐོན་སླར་གསོ་བྱེད་པར་བྱས་རྗེས་ངེས་ཅན་བཞག་ཟེར།

དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་མ་ཡའོ་ཞང་དང་ཅིན་ཕེའོ་ཚང་དུ་མགོན་པོ་བཀྲ་ཤིས་ཀྱིས་ཁོ་ཚོས་སྨྱུང་སྲུང་ཟླ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་མུའུ་སི་ལན་མང་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དེ་རང་ཞིང་གི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་བྱས་རྗེས་ཆེན་པོ་བཞག་ཟེར།

གྲངས་ཉུང་མི་རིགས་འཐུས་ཚབ་མི་སྣས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། མི་རིགས་གཞན་དག་དང་མཉམ་དུ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་པའི་བསམ་ཚུལ་བསྟན།