ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།
ཚོགས་ཐོག་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུས་པ་དེས། ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དགེ་མཚན་ཡང་བསྐྱར་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱིས་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཡོད་པ་དང་། སྤྱི་ཡོངས་ལ་སྣེ་ཁྲིད་བྱས་ཡོད་ལ། ཁ་ཕྱོགས་གསལ་བོ་བསྟན་ཡོད་པs། མཚོ་སྔོན་གྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་གོང་འོག་ཡོངས་ཀྱིས་བསམ་བློ་དང་འགུལ་སྐྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། རང་ཞིང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། བྱ་བ་སྣ་ཚོགས་ལ་འཆར་འགོད་གཏིང་ཟབ་དང་དམ་འཛིན་བཟང་བོ་བྱེད་པ་དང་བཟང་བོར་བསྒྲུབ་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བཟང་བོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་བོར་རྒྱུས་ལོན་ཡང་དག་བྱེད་པ་དང་། དགོངས་དོན་སློབ་སྦྱོང་བཟང་བོ་དང་རྒྱུས་ལོན་བཟང་བོ། ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་པ། གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་བཅོས་སྐྱོང་དང་སྲིད་སྐྱོང་བའི་གོ་རིམ་ཧྲིལ་བོའི་ཕྱོགས་སོ་སོ་རུ་ལག་བསྟར་བཟང་བོ་བྱེད་དགོས། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཆེད་བསྐོས་བྱ་བའི་གནས་ཚུལ་ལ་འབྲེལ་འདྲིས་བྱེད་པ་དང་། སྔོན་དུ་སློབ་སྦྱོང་བྱེད་པ་དང་འོག་རིམ་གྱིས་སྣེ་ཁྲིད་པ། ལོ་སྟོད་ཀྱི་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། བྱ་བའི་སྙན་ཞུའི་ནང་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་བཟང་བོ་བསྒྲུབ་པར་སྣེ་ཁྲིད་བྱེད་དགོས། བློ་མཐུན་ཁྲིན་ཞི་ཡིས་མཚོ་སྔོན་འཐུས་ཚབ་ཚོགས་པ་རུ་བཤད་པའི་གཏམ་གྱི་རེ་བ་ལྟར། ཁག་ཁུར་བྱེད་ཕོད་པ་དང་འབད་འཐབ་བྱེད་པ། སྤྱོད་ཚུལ་བཟང་བོས་ལག་བསྟར་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ། དམངས་དོན་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དང་བརྩི་སྲུང་། སྲུང་སྐྱོབ་བྱེད་པ་དང་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ཀྱི་གཏན་ཁེལ་བྱས་པའི་མིག་དཔེ་རུ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སེམས་ཁོང་ནས་ཁྲིམས་བརྩི་སྲུང་དང་ཁྲིམས་སློབ་སྦྱོང་བྱེད་པ། ཁྲིམས་བཀོལ་སྤྱོད་པར་སྣེ་ཁྲིད་བྱས་ནས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་རོགས་རམ་བྱེད་པ་ལས་གནོད་བྱེད་མི་རུང་ཟེར། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་འགྲོ་བ། ཚོགས་ཞུགས་ཀྱི་མྱོང་ཚོར་དངོས་ལ་ཟུང་འབྲེལ་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་དགོས། གསར་འགྱུར་སྨྱན་བྱད་ཀྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་གོང་འོག་ཡོངས་སུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བཀོལ་སྤྱོད་བཟང་བོ་བྱེད་དགོས། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡིན། དམིགས་འབེན་མངོན་འགྱུར་བྱེད་ལ་ཉེ་སྐབས་གནས་བབ་དེ་ལས་ཛ་དྲག་ཡིན་ལ། ལས་འགན་དེ་ལས་ལྕི་བས། ང་ཚོས་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། བདེན་འཛིན་དངོས་གཉེར་དང་དཀའ་ངལ་ཁྱད་སེལ་བྱེད་དགོས་ཟེར།
ཚོགས་ཐོག་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་དགོས། དུས་ཚོད་དམ་འཛོན་བྱས་ནས། ད་ལོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་རྒྱལ་ཁ་ལེན་པ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་རྒྱུན་ལྡན་རང་བཞིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་མེད་པར་བཟོས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འགོ་རྩོམ་པའི་ཐད་ནས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་། གསར་བ་གཉིས་དང་གཙོ་བོ་གཅིག་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་ཤན་སྦྱར་ནས་སྲིད་ཇུས་དང་གོ་སྐབས། ཕྱིར་ལན་བཙལ་ནས། བརྒྱ་ལོའི་དམིགས་འབེན་གཉིས་པ་འགོ་རྩོམ་པའི་ཐད་འཆར་གཞི་བཟང་བོ་འགོད་དགོས། གྲོན་ཆུང་སྒོས་འཚོ་བ་རོལ་བའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ནས་འགོ་བརྩམས་ཏེ། བསམ་བློའི་སྟེང་དཀའ་སྤྱད་འབད་འཐབ་བྱེད་པ་དང་བྱ་བའི་སྟེང་བདེ་འཚོལ་དངོས་གཉེར་བྱས་ནས། གྲོན་ཆུང་དང་རྩིས་ཞིབ་མོ་རྒྱག་རྒྱུ་དེ་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སུ་འགྱུར་བར་བྱེད་རྒྱུའི་རེ་བ་བཏོན།