ཝང་ཅན་ཅུན་གྱིས་ན་ཆུང་བྱིས་པ་ཚོ་དང་ལྷན་དུ་དྲུག་གཅིག་བྱིས་པའི་དུས་ཆེན་བསུས་ཏེ་ཁོ་ཚོར་རེ་བཅོལ་ཟབ་མོ་གནང་།
2020.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་ཞའོ་ཆོན་སློབ་ཆུང་དུ་སོང་ནས། ལོ་ཆུང་བྱིས་པ་ཚོ་དང་མཉམ་དུ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པར་མ་ཟད། ལོ་ཆུང་བྱིས་པ་ཚོ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་འབད་འབུངས་བྱེད་ཀྱིན་པའི་རྒྱ་ཆེའི་དགེ་རྒན་དང་ལོ་ཆུང་བྱིས་པའི་ལས་གཉེར་པར་གུས་འདུད་ཞུས།

སློབ་གྲྭའི་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དམར་མདངས་བཀྲ་བའི་སྐེ་རས་དམར་པོས་ཕྲུ་གུ་ཚོའི་ལྷད་མེད་ཀྱི་འཛུམ་མདངས་ཅིག་ཅར་མངོན། སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་ཝང་ཅན་ཅུན་སློབ་གྲྭར་ཐོན་པན། བྱིས་པ་ཚོ་མཉམ་དུ་རུབ་ཡོང་ནས་ཁོར་འཚམས་འདྲི་བྱས་པ་དང་། ཁོ་ལ་སྐེ་རས་དམར་པོ་བཏགས་ནས་ཁོ་ཕེབས་པར་དགའ་བསུ་ཞུ། སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ།“ང་རང་ངའི་མེས་རྒྱལ་ལ་དགའ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པའི་བརྩམས་ཆོས་འགྲེམ་སྟོན་དང་སློབ་གྲྭའི་རིག་གནས་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།བྱིས་པ་ཚོའི་རི་མོ་དང་ཡིག་གཟུགས། པར་ལེན་བརྩམས་ཆོས། ལག་ཤེས་བརྩམས་ཆོས་བཅས་འགྲེམ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་སྤྲོ་སྣང་གིས་ཁེངས་ཡོད། ཡིག་གཟུགས་ཚོགས་པ་དང་གསར་གཏོད་ལག་ཤེས་བཟོ་ལས། ཚྭ་བརྐོས་ཀྱི་ཡིད་དབང་འཕྲོག་ཤུགས། སྐེ་རས་དམར་པོའི་བརྙན་འཕྲིན་ལས་ཁུངས། གསར་གཏོད་པའི་བར་སྟོང་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་རའི་ཚོགས་པ་ཡི་བྱེད་སྒོའི་བརྗོད་དོན་གཙོ་བོར་མངོན་གསལ་དོད་པ་དང་གསོན་ཉམས་དོད་པོས་ཁེངས་ཡོད། ཝང་ཅན་ཅུན་གྱིས་འགྲེམ་སྟོན་དང་བྱིས་པ་ཚོའི་གདོང་རིས་རིག་གནས་དང་གནའ་བོའི་དམངས་ཁྲོད་རོལ་དབྱངས། ཀྲུང་ལུགས་གསོ་རིག་རིག་གནས་སོགས“རུ་ཁག་རེར་སྤུས་རྟགས་རེ”འགྲེམ་སྟོན་དང་སྙན་ངག་གྱེར་འདོན་གྱི་འཁྲབ་སྟོན་ལ་ནན་ཏན་ངང་ཞིབ་ལྟ་བྱས་ནས།དགེ་སློབ་ཚོ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་ཡང་ཡང་བྱས་ནས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་གནས་ཚུལ་ལའང་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད།ཕྲུ་གུ་ཚོའི་གང་འཇོན་གང་ནུས་ཀྱི་རྣམ་པར་བསྔགས་བརྗོད་བྱས་པ་དང་། སློབ་གྲྭ་ཁག་གིས་ཕྱོགས་བསྡུས་བྱང་ཚད་སློབ་གསོ་གཏིང་ཟབ་སྤེལ་བའི་ཕན་འབྲས་ལའང་ཁས་ལེན་གང་ལེགས་བྱས། དེའི་རྗེས་ཝང་ཅན་ཅུན་ལོ་ཆུང་གདོང་ལེན་རུ་ཁག་གི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་ཏེ།རུ་འབྲིང་གི་ཟུར་ཁྲིད་པར་དར་ཆ་གནང་ནས།རུ་མི་གསར་པར་སྐེ་དཀྲིས་དམར་པོ་བཏགས་པ་དང་བརྗིད་ཉམས་ལྡན་པའི་དམ་བཅའ་འཇོག་པ། གཟི་བརྗིད་ལྡན་པའི་ངང་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་བཅས་ཀྱི་ཉམས་སྣང་ལ་ཞིབ་ལྟ་བྱས།

ཕྲུ་གུ་ཚོ་འཚང་ཁ་ཤིག་ཤིག་བྱེད་པའི་ཁྲོད་དུ་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་བརྩེ་སེམས་ཟབ་མོས་གླེང་མོལ་བྱས་ཏེ་བཤད་རྒྱུར།ད་ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ་ཨ་མྱེས་ཞི་ཅིན་ཕིང་གིས་རྒྱ་ཆེའི་ལོ་ཆུང་བྱིས་པར་སྙིང་རུས་ཆེན་པོས་ཤེས་བྱ་སློབ་སྦྱོང་བྱེད་པ་དང་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ། བློ་སྤོབས་ཞུན་བརྡར་བྱེད་པ། ལུས་སྟོབས་རྒྱས་པར་སྦྱོང་བརྡར་བྱེད་པ་བཅས་ཀྱི་ཐད་སྐུལ་ལྕག་ཟབ་མོ་གནང་ཡོད་ལ།དེ་ནི་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོའི“དྲུག་གཅིག”རིང་གི་ལེགས་སྐྱེས་རྩ་ཆེན་ཞིག་རེད།ང་ཚོས་ཨ་མྱེས་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ནས།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས། དྲིན་བྱས་དྲིན་དུ་ཚོར་དགོས། ཕ་མའི་དྲིན་ལན་དང་དགེ་རྒན་གྱི་བཀའ་དྲིན། སློབ་གྲོགས་ཀྱི་མཛའ་བརྩེ་བཅས་ཡང་ཡང་དྲན་དགོས། ཕ་མས་ཁྱོད་ཚོ་མཛེས་སྡུག་ལྡན་པའི་འཇིག་རྟེན་འདིར་ཁྲིད་ཡོང་བ་དང་དགེ་རྒན་གྱིས་ཁྱོད་ཚོར་ཤེས་བྱ་ཤེས་སུ་བཅུག་པ་རེད། སློབ་གྲོགས་ཚོས་ཁྱེད་ཚོར་བྱིས་དུས་ཀྱི་གྲོགས་པོ་ཡོད་དུ་བཅུག དགའ་ཞེན་བྱེད་ཤེས་དགོས། རང་བྱུང་ཁམས་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། འཚོ་བར་དགའ་ཞེན་བཅས་བྱེད་པ་བཅས་ལ་འགྱུར་ལྡོག་འབྱུང་མི་རུང་། མེས་རྒྱལ་ནི་བརྗེད་མི་རུང་བ་དང་འཚོ་བ་ནི་གཡོལ་ཐབས་མེད་པ་ཞིག་རེད། ངལ་རྩོལ་བྱེད་ཤེས་དགོས། མི་ཚེ་གང་བོར་ངལ་རྩོལ་ཁྲོད་སྐྱེལ་དགོས། ཆུང་དུས་ནས་ངལ་རྩོལ་བྱས་ན་ཚེ་གང་ལ་ཕན་ཐོགས་པ་དང་རང་ཉིད་ཀྱི་བྱ་བ་རང་གིས་སྒྲུབ་པ་དང་། གཞན་གྱི་བྱ་བར་རོགས་རམ་བྱེད་པ། སྤྱི་ཕན་གྱི་བྱ་བ་བརྩོན་ལེན་གྱིས་སྒྲུབ་པ་བཅས་བྱེད་དགོས། བྱ་བ་སྒྲུབ་པའི་ཁྲོད་དུ་ངལ་རྩོལ་གྱི་སྤྲོ་སྣང་ཐོབ་པར་བྱེད་དགོས། འཚར་ལོངས་ཡོང་བར་བྱེད་ཤེས་དགོས། བྱིས་པ་ཚང་མ་འཚར་ལོངས་འབྱུང་དགོས། བདེ་ཐང་ཡིན་ན་ད་གཟོད་འཚར་ལོངས་འབྱུང་ཐུབ། གཙང་སྦྲར་དང་དོད་བྱས་ན་གོམས་གཤིས་བཟང་པོ་འཇགས་པ་དང་སྦྱོང་བརྡར་ལ་བརྩོན་ན་ལུས་ཕུང་བཟང་པོ་ཡོད། སློབ་སྦྱོང་ལ་དགའ་ན་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་གོམས་གཤིས་བཟང་བ། ལུས་པོ་བཟང་བ། སློབ་སྦྱོང་བཟང་བ་བཅས་ཀྱི་སྒོ་ནས་འཚར་ལོངས་བྱུང་ན་བཟང་། ཚང་མས་དུས་རབས་གསར་པར་ཕུགས་བསམ་ལྡན་པ་དང་གཅེས་སེམས་ཡོད་པ། ཀུན་སྤྱོད་བཟང་བ། འདུན་མ་ལྡན་པ་བཅས་ཀྱི་བྱིས་པ་ཡག་པོ་ཞིག་བྱེད་རྒྱུའི་རེ་བ་ཡོད་ཟེར།

ཝང་ཞའོ་དང་མཱ་ཅི་ཞའོ་གོང་གསལ་བྱ་འགུལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།