ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དམ་ཟབ་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྟེང་ཤུགས་འདོན་པ། རྒྱུན་ལས་གྲོས་ཚོགས་ཀྱི་ཆེད་དོན་འཆད་ཁྲིད་དང་ཆེད་དོན་བྱ་བའི་སྒྲོག་འགྲེལ། ཨུ་ཡོན་གྱི་གསོ་སྦྱོང་སོགས་རྣམ་པ་བརྒྱུད་དེ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ། མཚོ་སྔོན་མི་དམངས་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བསམ་བློའི་རྨང་གཞི་དང་བྱ་བའི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་གཏོང་བའི་སྟེང་ཤུགས་འདོན་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། གྲོས་མོལ་གྱི་སྤུས་ཚད་མཐོར་འདེགས་བཏང་སྟེ། སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་ས་གནས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། གཞི་རིམ་སྲིད་གྲོས་ཀྱི་ཉམས་ཞན་གཉིས་ཀྱི་གནད་དོན་ཐག་གཅོད་པའི་སྟེང་ཤུགས་བཏོན་ནས། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་སྲིད་གྲོས་ཀྱི་སྤྱི་ཁོག་མཉམ་ལས་དང་དགེ་མཚན་ཁ་གསབ། གསར་གཏོད་འཕེལ་རྒྱས་ཀྱི་འགན་སྒྲུབ་མཉམ་ཤུགས་དང་ལག་ལེན་རྣམ་པ་གྲུབ་པར་བྱེད་དགོས། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བའི་སྟེང་ཤུགས་འདོན་པ་དང་། གྲོས་མོལ་སྲིད་གླེང་གི་སྒྲིག་ལམ་འཐུས་ཚང་དུ་གཏོང་བ། ལས་རིགས་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། ཨུ་ཡོན་གྱིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པའི་སྟེང་ཤུགས་བཏོན་ནས། གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པ་དང་། སྲིད་གྲོས་ཀྱི་ཚོགས་སྲོལ་སྔར་ལས་ལེགས་སྒྱུར་བྱེད་པ། རྟོག་ཞིབ་དང་སྤྱི་སྡོམ་ནན་མོ་བྱེད་པ། མཉམ་འབྲེལ་དྲ་རྒྱའི་གསར་གཏོད་བྱ་བའི་རྣམ་པ་བེད་སྤྱད་དེ། བྱ་བའི་སྤུས་ཚད་དང་ལས་ཆོད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་བྱ་བའི་སྤྱི་ཡོངས་ལ་དོ་སྣང་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཁྲོད་ཀྱི་དཀའ་གནད་ལ་དམིགས་ནས་རྟོག་ཞིབ་གྲོས་མོལ་བྱེད་པ། བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་ལོ་སྟོད་ཀྱི་ཏང་འཛུགས་དང་འགན་སྒྲུབ་བྱ་བའི་སྙན་ཞུ་ལ་ཉན་པ་དང་། བྱ་བ་སྤེལ་བའི་གནས་ཚུལ་དང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཆབ་སྲིད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་ཀྲི་པུའུ་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན་བྱེད་དགོས། ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་ལག་བསྟར་ནན་མོ་བྱེད་པ་དང་། སྤུས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་འགག་དམ་འཛིན་བྱས་ནས། ལོ་སྨད་ཀྱི་གྲོས་མོལ་སྲིད་གླེང་གི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། སྲིད་གྲོས་ལས་ཁུངས་ཀྱི་རྩོལ་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ལག་བསྟར་དམ་འཛིན་བྱས་ཏེ། སྲིད་གྲོས་བྱ་བའི་ཐད་ཕན་ཡོན་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུ་བའི་སྐོར་གྱི་བསམ་འཆར་སོགས་བྱ་བར་གྲོས་ཞིབ་བྱས། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི དྲུང་ཡིག་ཆེན་མོ་ལིའུ་ཏཱ་ཡའེ་བཅས་གྲོས་ཚོགས་ལ་ཞུགས།
ལོ་ཙཱ་བ། རིན་ཆེན་མཚོ།