མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་ཟི་ལིང་ནས་ཚོགས།
2020.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་བསྡུས།

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་བསྡུས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།

གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རོང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད།

གྲོས་ཚོགས་ལ་འཐུས་མི་སུམ་བརྒྱ་དང་གྱ་དགུ་ཞུགས་ཡོད་པ་དང་། མི་སུམ་བརྒྱ་དང་དོན་བདུན་གྲོས་ཚོགས་ལ་དངོས་སུ་ཞུགས་ཡོད་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པའི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་འདེམ་སྒུག་མི་སྣའི་མིང་ཐོ་སྐོར་གྱི་འཆར་ཟིན་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་འདེམ་སྒུག་མི་སྣའི་མིང་ཐོའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན།

འཐུས་ཚབ་ཚོགས་པ་སོ་སོས་གྲོས་སྡུར་གང་ལེགས་བྱས། ཚོགས་ཐོག་ནས་གྲོས་ཚོགས་ཀྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་གི་ལྟ་སྐུལ་མི་སྣའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད།

ཚོགས་ཐོག་ནས་མིང་མི་འགོད་པར་འདེམ་ཤོག་འཕེན་པའི་རྣམ་པ་སྤྱད་དེ། བློ་མཐུན་ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས། ཐལ་མོ་རྡེབ་སྒྲའི་ཁྲོད། ཞིན་ཁྲང་ཞིང་གིས་འཐུས་མི་རྣམས་ལ་གུས་འདུད་ཞུས།

དེའི་རྗེས། གྲོས་ཚོགས་ཀྱིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་གླུ་དཀྲོལ་རྗེས། གསར་དུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས་པའི་ཞིན་ཁྲང་ཞིང་དམ་བཅའ་འཇོག་པའི་སྟེགས་བུ་སྟེང་སོང་ནས། རྩ་ཁྲིམས་དམ་བཅའ་བཞག

ཝང་ཅན་ཅུན་གྱིས་གྲོས་ཚོགས་གྲོལ་སྐབས་བསྟན་དོན། ཧུར་ཐག་གིས་མཚོ་སྔོན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ། འགུལ་སྐྱོད་ཞིང་ཆེན་ཏང་ཨུས་མཚོ་སྔོན་བཅོས་སྐྱོང་དང་སྲིད་འཛིན་པའི་སྟེང་ལག་བསྟར་བྱེད་པ། སྟོབས་ཤུགས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་རླབས་ཆེན་སྟེང་བསྡུས་པ། ཕུགས་འདུན་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་སྟེང་འབྲི་བ། མཐུན་སྒྲིལ་གཅིག་སེམས་དང་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གསར་བ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། མཚོ་སྔོན་དུ་སྡོད་པའི་དམག་དཔུང་རིམ་པའི་སྡེ་ཁག་དང་དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་པ་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་མ་ཟད་ཀྲུའུ་ཞི་སྟེགས་བུ་སྟེང་བསྡད་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཆེན་རྒྱལ་གདན་ཞུ་བྱས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད། གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་མི་ད་དུང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་མི། གྲོས་ཚོགས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ལས་ཁུངས་དང་བྱ་བའི་ལས་ཁུངས། མངག་སྡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་བཅས་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།