ཟླ་དགུ་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་ནས་མཐོ་རིམ་ཤེས་ལྡན་མི་སྣའི་རྒྱལ་ཁབ་གནས་ཚུལ་ཐད་ཀྱི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་བཞུགས་མོལ་ལ་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་ཤེས་ལྡན་མི་སྣའི་བྱ་བའི་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཀྲུང་དབྱང་ཤེས་ལྡན་མི་སྣའི་བྱ་བའི་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཉིག་ཝེ་ཧོང་གིས་ཤིས་ཚིག་ཕུལ།
ཝང་ཅན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་སློབ་མ་ཡོངས་མཚོ་སྔོན་དུ་ཟབ་སྦྱོང་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མཐོ་རིམ་ཤེས་ལྡན་མི་སྣ་བཀོད་སྒྲིག་བྱས་ནས་མཚོ་སྔོན་དུ་རྒྱལ་ཁབ་གནས་ཚུལ་ཐད་ཀྱི་ཟབ་སྦྱོང་ལ་ཞུགས་པར་ཡོང་བ་དེས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ལ་ཡིད་རྟོན་དང་རྒྱབ་སྐྱོར་བྱེད་ཀྱིན་པ་མཚོན་ལ། མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་ལྷག་པར་དུ་ཕུགས་འདུན་ཡིད་རྟོན་སློབ་གསོ་བྱ་བའི་ཐད་ནས་སྐུལ་འདེད་བཏང་བ་ཡང་ཡིན་པ་མ་ཟད། ང་ཚོས་མཐོ་རིམ་ཤེས་ལྡན་མི་སྣར་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན། མཚོ་སྔོན་ནི་ས་བབ་མཐོ་བའི་ས་ཁུལ་ཡིན་ལ། སློབ་མ་ནི་མཐོ་རིམ་ཤེས་ལྡན་མི་སྣ་ཡིན། ཚང་མ་མཚོ་སྔོན་དུ་ཡོང་ནས་ཐོག་མའི་བསམ་འདུན་དང་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཏང་གཤིས་བློ་སྦྱོང་ལ་སྦྱོང་བརྡར་བྱས་ན། མྱོང་ཚོར་སྔར་ལས་ཇེ་ཟབ་དང་འཚོལ་སྙེག་སྔར་ལས་ཇེ་མཐོར་གཏོང་ཐུབ། རྒྱལ་ཁབ་གནས་ཚུལ་ནི་ཚན་རིག་ཞིབ་འཇུག་གི་རྐང་འཛུག་ས་དང་བྱ་བར་འཆར་འགོད་བྱེད་པའི་རྨང་གཞི། གསར་གཏོད་ཀྱ་ལམ་བུ་ཡིན་ལ། རྒྱལ་ཁབ་གནས་ཚུལ་ཟབ་སྦྱོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་ལ་ཞིབ་འཇུག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛད་མཐའ་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་བྱེད་པ་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགན་སྲུང་འོག རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་ཡོད་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཞིག་བྱེད་རྒྱུ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་ཟེར།
ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པར་མ་ཟད་དགའ་བསུའི་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱས་ལ། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་དཔལ་འབྱོར་རྣམ་པ་ཆེན་པོ་བཞི་སྐྱེད་སྲིང་བྱས་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བསྐྲུན། མཚོ་སྔོན་ནི་སྐུ་ཞབས་ཝང་ལའོ་པེན་གྱི་གླུ་དབྱངས་ཁྲོད་ཀྱི་རྒྱང་རིང་གི་ས་ཆ་དེ་ཡིན་ན་ཡང་། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭས་ང་ཚོའི་བར་གྱི་བར་ཐག་ཇེ་ཉེ་རུ་བཏང་ལ། སློབ་མ་ཡོངས་ཀྱིས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་མཚོ་སྔོན་གསར་བའི་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།