རྒྱལ་ཁབ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་འགོག་བཅོས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།
2020.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཀྲིན་གོ་ཀོང་སོགས་མི་དགུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་འགོག་བཅོས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པར་མ་ཟད། སྙན་ཞུ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་རང་ཞིང་གི་རང་བྱུང་གནོད་འཚེ་འགོག་བཅོས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཀྲིན་གོ་ཀོང་གིས་ཐེངས་འདིའི་ལྟ་ཞིབ་ཞིབ་བཤེར་བྱ་བའི་ལས་འགན་དང་དམིགས་འབེན་ངོ་སྤྲོད་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་སྐྱོབ་གནོད་འགོག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ། གནོད་སྐྱོབ་གནོད་འགོག་གི་སྒྲིག་གཞི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་དང་འགོག་བཅོས་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས། ཐེངས་འདིར་གཙོ་བོར་ཞིང་ཆེན་རིམ་པའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ལྷག་པར་དུ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་གནམ་གཤིས་ཅུའུ་སོགས་སྡེ་ཁག་གཙོ་བོའི་གནོད་སྐྱོབ་གནོད་འགོག་གི་འགན་འཁྲི་ལག་བསྟར་བྱེད་པ་དང་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ལིས་ཅེ་ཞང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། སློབ་སྦྱོང་དང་ལག་བསྟར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། གནོད་སྐྱོབ་གནོད་འགོག་གི་སྒྲིག་གཞི་རྐྱེན་སྲོལ་བཅོས་སྒྱུར་གྱི་གྲོས་གཞིའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འགོག་བཅོས་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། དེ་དང་མཉམ་དུ། རང་བྱུང་གནོད་འཚེ་འགོག་བཅོས་བཟོ་སྐྲུན་བརྟན་བརླིང་ངང་སྤེལ་ནས། ཉེན་ཁ་བཀག་འགོག་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།