མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.10.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་ཐེངས་ལྔ་བཅུ་བ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྐོར་གྱི་གྲོས་གཞི་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལས་ཁུངས་ཀྱི་ཏང་ཙུའུ་ཡིས་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་བྱ་བ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ཞིང་། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་པོད་གསུམ་པའི་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པའི་ནང་དོན་ཐད་ནས་གཅིག་བསྡུས་སློབ་སྦྱོང་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་འགོ་མཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་གྲོས་ཚོགས་ལ་ཞུགས། ལས་ཁུངས་ཀྱི་ཐིན་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་དང་ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པའི་སྐྱེད་སྲིང་ལ་ཤུགས་སྣོན་པ། ཆེད་དོན་འཆར་གཞི་འགོད་པ། དོ་དམ་ནན་མོ་བྱེད་པ་ནི་ཤ་ཚ་བ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། སྙིང་སྟོབས་ཆེན་པོས་ན་གཞོན་ལས་བྱེད་པ་འདེམ་བསྐོ་དང་བཀོལ་སྤྱོད་བྱས་ནས། ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་ཕན་འབྲས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་བྱེད་པ་དང་། ཞབས་ཞུའི་སྤྱོ་ཡོངས་རྒྱུན་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་བྱེད་པ། དངོས་གཉེར་གཙོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་བྱེད་པ། དམངས་ཆེན་ལམ་ལུགས་ཀྱི་སྔར་ལས་ཕན་འབྲས་ལྡན་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ། དམངས་ཆེན་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་འཛུགས་ཁྲོད་མང་ཚོགས་ཀྱི་བློ་རིག་གཅིག་ཏུ་བསྡུ་བ། ལྟ་སྐུལ་ཁྲོད་དམངས་སེམས་དང་ཉེ་བར་བྱེད་པ། འཐུས་མིའི་བྱ་བའི་ཁྲོད་དམངས་བློ་དང་མཐུན་པར་བྱས་ནས། ལམ་ལུགས་མ་ལག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་མགྲིན་ཚབ་པ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་དམ་འཛིན་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ། དག་ཐེར་ལེགས་བཅོས་བྱེད་པའི་གནད་དོན་ལ་ལྟ་ཞིབ་ནན་མོ་བྱས་ནས། མིག་སྔའི་བྱ་བ་བཟང་བོར་སྒྲུབ་པ་དང་། འགོར་འགྱངས་མི་བྱེད་པ་གཉིས་དང་སྐུལ་འདེད་གཉིས་བཟང་བོར་སྒྲུབ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།