ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི་གསལ་བཤད་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ཇུས་ཆོད་བརྒྱུད་རིམ་གལ་ཆེན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་བསྡུས་སྲིད་འཛིན་བཅའ་ཁྲིམས་བཅོས་སྒྱུར། སྨན་བཅོས་བཅོས་སྒྱུར་འགན་སྲུང་ལམ་ལུགས་བཅོས་སྒྱུར། ཁེ་ལས་ཆུང་ངུའི་ཡིད་རྟོན་དངུལ་བསྲེས་ཞབས་ཞུ་ལྟེ་གནས་སྟེགས་བུ་འཛུགས་སྐྲུན་སོགས་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི་གྲོས་གཞིའི་གསལ་བཤད་ཀྱིས། ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་དང་ཚན་རིག་གི་འཆར་འགོད་ཞིབ་བཤད་ཟབ་མོ་བྱས་པ་དང་། གཞུང་ལུགས་དང་ལག་ལེན་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན་དྲག་པོ་ལྡན། དགོངས་དོན་ཟབ་ཀློག་བྱེད་པ་དང་། རྒྱུས་ལོན་གཏིང་ཟབ་བྱེད་པ། ལག་བསྟར་ནན་མོ་བྱེད་པ་དང་། ལྷག་པར་དུ་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་སྒྲིག་བཟོ་བྱེད་པའི་ཁྲོད་མངོན་པར་བྱས་ནས། ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པ། མི་དམངས་ཀྱི་རེ་སྒུག་མཚོན་པར་བྱེད་པ། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྤུས་ཚད་མཐོན་པོའི་འཆར་འགོད་ཞིག་སྒྲིག་བཟོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། སྲིད་འཛིན་ཇུས་ཆོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་རྒྱུ་ནི། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྲིད་འཛིན་ཇུས་ཆོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཞིབ་དཔྱད་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་ལ་ཤུགས་བསྣན་ནས། ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བཀོད་སྒྲིག་གལ་ཆེན་ཡིན། ལངས་གནས་མཐོར་འདེགས་གཏོང་བ་དང་། བཅོས་སྒྱུར་གྱི་དགོངས་དོན་ལ་རྒྱུས་ལོན་ཡང་དག་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། བཅོས་སྒྱུར་གྱི་ལས་འགན་དམ་འཛིན་བྱེད་པ། ཕྱོགས་བསྡུས་མཉམ་ལས་ལ་དོ་སྣང་བྱེད་པ། བརྟན་བརླིང་རིམ་ལྡན་འབུར་དུ་ཐོན་པར་བྱེད་པ། བཅོས་སྒྱུར་གྱི་སྒྲིག་ལམ་གཟབ་ནན་ཏུ་བཏང་སྟེ། ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། སྨན་བཅོས་འགན་སྲུང་ནི་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཡིན། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩར་འགན་སྲུང་བྱེད་པ་དང་རྒྱུན་བསྲིང་ཆོག་པ། ཉེན་ཁ་བཀག་འགོག་བྱེད་པ། འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་ལ་ཤུགས་སྣོན་པ། ཕན་འབྲས་བརྩོན་ལེན་བྱེད་པའི་རྩ་དོན་གཞིར་བཟུང་ནས། སྨན་བཅོས་འགན་སྲུང་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་བཅད་དེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། དབུལ་ཐར་མི་གྲངས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ་དང་། སྨན་བཅོས་རོགས་སྐྱོར་གྱི་མཐིལ་རྟོགས་འགན་སྲུང་ནུས་པ་འདོན་སྤེལ་བྱས་ནས། ནད་བྱུང་བའི་རྐྱེན་གྱིས་དབུལ་བོར་འགྱུར་བ་དང་ནད་བྱུང་བའི་རྐྱེན་གྱིས་ཡང་བསྐྱར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁེ་ལས་ཆུང་ངུའི་ཡིད་རྟོན་དངུལ་བསྲེས་སྟེགས་བུ་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཉེན་ཁར་ཚོད་འཛིན་བྱེད་པ་དང་བདེ་འཇགས་ངང་འཕེལ་རྒྱས་གཏོང་བར་དོ་སྣང་བྱེད་པ། ཆ་འཕྲིན་བསྡུ་རུབ་དང་དངུལ་བསྲེས། སྲིད་ཇུས་ཀྱི་རྒྱབ་སྐྱོར། དངུལ་བསྲེས་སྦྲེལ་མཐུད་དང་དངུལ་བསྲེས་གདེང་འཇོག་བྱེད་པར་ཤུགས་བསྣན་ནས། ཧུར་ཐག་གིས་ཆ་འཕྲིན་ཡིད་རྟོན་དུ་བསྒྱུར་བ་དང་། ཡིད་རྟོན་དེ་ཡིད་རྟོན་དངུལ་བུན་དུ་བསྒྱུར་བ། ཁེ་ལས་ཆུང་ངུའི་མ་དངུལ་བསྲེས་དཀའ་བའི་གནད་དོན་ཐག་གཅོད་དགོས་ཟེར།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། གྲོས་ཚོགས་ཀྱི་གྲོས་སྡུར་གནས་ཚུལ་ལྟར་བཟོ་བཅོས་བྱས་རྗེས། བརྒྱུད་རིམ་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲད།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།