ཞིང་ཆེན་མེ་འགོག་མེ་གསོད་ཉེན་སེལ་སྤྱི་ཁྱབ་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་འགོག་མེ་གསོད་ཉེན་སེལ་དཔུང་སྡེར་དར་ཆ་གནང་བ་དང་བཀའ་སློབ་བསྩལ་ནས་ལོ་གཉིས་འཁོར་བའི་མུ་འབྲེལ་བྱེད་སྒོ་སྤེལ།
2020.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་འགོག་མེ་གསོད་ཉེན་སེལ་དཔུང་སྡེར་དར་ཆ་གནང་ནས་བཀའ་སློབ་བསྩལ་ཏེ་ལོ་ངོ་གཉིས་འཁོར་བའི་སྐབས་ཏེ།  ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཞིང་ཆེན་མེ་འགོག་མེ་གསོད་ཉེན་སེལ་སྤྱི་ཁྱབ་རུ་ཁག་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། བཅོས་སྒྱུར་བྱས་ཏེ་ལོ་ངོ་གཉིས་འགོར་བའི་རིང་གི་མེ་འགོག་མེ་གསོད་ཉེན་སེལ་ལས་དོན་དང་དཔུང་སྡེ་འཛུགས་སྐྲུན་ལ་ཐོབ་པའི་ཕན་འབྲས་མངོན་པར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་ཞོགས་པ་སྔ་མོ་ནས་བཟུང་ཞིང་ཆེན་མེ་འགོག་མེ་གསོད་ཉེན་སེལ་སྤྱི་ཁྱབ་རུ་ཁག་གི་སྦྱོང་བརྡར་དང་དམག་འཐབ་ཀྱི་ཞབས་འདེགས་འགན་ལེན་ཡན་ལག་རུ་ཁག་ཏུ་སོང་ནས། “སློབ་སྟོན་གྱི་དགོངས་དོན་ལག་ལེན་དུ་བསྟར་བ་དང་དུས་རབས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་སྐྱོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་དང་མེ་འགོག་མེ་གསོད་ཉེན་སེལ་དཔུང་སྡེའི་རླངས་འཁོར་དང་སྒྲིག་ཆས་འགྲེམ་སྟོན་ལ་ཞིབ་ལྟ་བྱས་རྗེས། གནོད་འཚེ་སྣ་མང་གི་ཕྱོགས་བསྡུས་མེ་གསོད་ཉེན་སེལ་གྱི་་དངོས་འཐབ་སྦྱོང་བརྡར་ལ་ལྟ་སྦྱོང་བྱས་པ་དང་འབྲེལ་ནས་སྦྱོང་བརྡར་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། སྦྱོང་བརྡར་མཇུག་བསྒྲིལ་རྗེས། ཞིན་ཁྲང་ཞིང་གིས་མེ་འགོག་མེ་གསོད་ཉེན་སེལ་བཀོད་འཐབ་པར་བྱམས་བརྩེའི་ངང་ལག་འཇུ་བྱས་ཏེ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་ཉེན་སེལ་བཀོད་འཐབ་པ་ཚོས་འཁྲབ་སྟོན་བྱས་པའི། “སློབ་སྟོན་གྱི་དགོངས་པ་ལག་ལེན་བྱས་ཏེ་བླ་ན་མེད་པའི་འགན་འཁྲི་འཁུར་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ལ་བལྟས།

ད་ལོའི་གཅིག་གཅིག་དགུའི་ཟླ་རེའི་མེ་འགོག་མེ་གསོད་ཉེན་སེལ་དྲིལ་བསྒྲགས་བྱེད་སྒོ་ཡང་དེ་དང་མཉམ་གཅིག་ཏུ་སྤེལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་མེ་འགོག་མེ་གསོད་ཉེན་སེལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་དང་མེ་འགོག་མེ་གསོད་ཉེན་སེལ་ཡན་ལག་རུ་ཁག་གི་འགོ་གཙོ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་དྲུག་བརྒྱ་ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།