ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཀྱིས་ཆེད་དོན་འཆད་ཁྲིད་བསྡུས།
2020.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཀྱིས་ཆེད་དོན་འཆད་ཁྲིད་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་ཆེད་ཞུ་ཞིབ་འཇུག་པ། ཀྲུང་གོའི་སོལ་གཏེར་རྡུལ་གྲིབ་གློ་ནད་འགོག་བཅོས་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་པོ་ཧོང་དབྱི་ཡིས་ཁ་བྱང་ལ་དུས་རབས་གསར་བའི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་གྱི་རྣམ་པ་གསར་བ་ཁོང་དུ་ཆུད་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་འཆད་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཀྲང་ལིས་བཅས་འཆད་ཁྲིད་ལ་ཞུགས། 

ཆེད་དོན་འཆད་ཁྲིད་སྐབས་སུ། ཧོང་དབྱི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། འཕྲལ་བསྟུན་དོ་དམ་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། བདེ་འཇགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་ལ་ཁྱོན་ཡོངས་ནས་འགྲེལ་ཀློག་དང་གསལ་བཤད་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམིགས་ནས་གཅིག་བསྡུས་ཟུར་ཁྲིད་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་ཐད་གཏོགས་ལས་ཁུངས། མངག་གཏོང་ལས་ཁུངས། ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་རུ་ཁག བཟོ་ལས་ར་བའི་ཁུལ་ཆེན་པོ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་ཆེད་བསྐོས་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།