ཞིན་ཁྲང་ཞིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ཅུའུ་གཉིས་ལ་འཚམས་འདྲི་བྱས།
2020.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་པེ་ཅིན་དུ་སོང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ཅུའུ་གཉིས་ལ་འཚམས་འདྲི་བྱས་པ་དང་། སོ་སོར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིས་ཞོ་ཕིན་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཝུའུ་ཧྥུན་གཉིས་དང་བཞུགས་མོལ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གཉིས་སོ་སོར་འཚམས་འདྲི་ལ་ཞུགས་པར་མ་ཟད་འབྲེལ་ཡོད་བྱ་བ་ཡར་ཞུ་བྱས།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ཅུའུ་གཉིས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུསར་བས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ཅུའུ་ཡི་རེ་བ་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། མིག་སྔར། མཚོ་སྔོན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཐད་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་ཉར་གསོག་ཅུའུ་གཉིས་ཀྱིས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་སྒྲིག་བཟོ་དང་སྲིད་ཇུས། ལས་གཞི་སོགས་ཕྱོགས་ལ་མཛུབ་ཁྲིད་དང་རོགས་རམ་སྔར་ལས་མང་པོ་བྱེད་དགོས་ཟེར།

ལིས་ཞོ་ཕིན་དང་ཀྲང་ཝུའུ་ཧྥིན་གཉིས་ཀྱིས་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲུ་རིགས་དང་དངོས་ཟོག་ཉར་གསོག་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རང་ཞིང་གིས་བཏོན་པའི་རེ་ཞུ་ལ་ལན་གསལ་བོ་བཏབ་ལ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དམིགས་བསལ་ཡིན་པ་དང་། སྐྱེ་ཁམས་བདེ་འཇགས་སོགས་ཕྱོགས་ཀྱི་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་བས། བརྗེ་རེས་ལ་ཤུགས་སྣོན་པ་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་སྒྲིག་སྐབས་མཚོ་སྔོན་གྱི་རེ་བར་བསམ་གཞིགས་གཏོང་བ་དང་། འགྲིམ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་ཚོད་ལྟ་དང་འབྲུ་རིགས་དང་དངོས་ཟོག་ཉར་གསོག་སོགས་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལོ་ཙཱ་བ། རིན་ཆེན་མཚོ།