ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ང་བཞི་བ་བསྡུས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ཟབ་མོ་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། སློབ་སྦྱོང་དང་ལག་བསྟར་གྲོས་གཞི་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་འགོ་མཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་། ཀྲུའུ་རིན་གཞོན་པ་མ་ཝེ་དང་། ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉིའོ་ཁྲིན་ཡུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚོགས་ཐོག་ནས། རང་ཞིང་གི་རིམ་པ་སོ་སོའི་དམངས་ཆེན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མུ་མཐུད་དུ་སློབ་སྦྱོང་ཟབ་མོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། གཞི་རྩའི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ནང་དོན་གཙོ་བོར་གོ་བ་ཡང་དག་ལེན་པ། དམིགས་ཚད་ལྟར་བྱ་བའི་གནས་ཐིག་གསལ་བོ་འཚོལ་བ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་སློབ་སྦྱོང་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱུས་ལོན་ཟབ་མོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། དམངས་ཆེན་གྱི་ཁྲིམས་འཛུགས་སོགས་འགན་འཁྲི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིགས་གཏོང་བ་དང་འཆར་འགོད་བྱེད་པ། ལག་བསྟར་བྱེད་པ། དུས་ཐོག་ཏུ་རྒྱལ་ཡོངས་དམངས་ཆེན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་རྗེས་ཆོད་པར་བྱེད་པ། རང་འགུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་སེམས་ཁུར་བྱེད་པའི་བྱ་བར་ལན་འདེབས་པ། ཆུང་ས་ནས་གནད་དོན་ཆེན་པོ་ཐག་གཅོད་པ། བཅའ་ཁྲིམས་ཀྱི་སྟོང་ཆ་སྐོང་བར་དོ་སྣང་བྱས་ནས། རང་ཞིང་གི་དམངས་ཆེན་གྱི་བྱ་བ་སྣ་ཚོགས་ཐད་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་རེ་བ་དང་མཐུན་པར་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་གཙོ་བོ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྙིང་སྟོབས་གསུམ་དར་སྤེལ་གཏོང་བ་དང་སློབ་སྦྱོང་བྱས་ཏེ། ངལ་རྩོལ་པར་བརྩི་མཐོང་བྱེད་པ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་སེམས་ཁུར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ལོ་རྒྱུས་ཀྱི་དོན་སྙིང་དང་མངོན་སུམ་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་རེ་བ་ལྟར། རོགས་སྐྱོར་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་ནས། དམངས་ཆེན་གྱིས་སྲིད་ཇུས་ལག་བསྟར་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།
ཚོགས་ཐོག་ནས་ད་དུང་ཞིང་ཆེན་དམངས་ཆེན་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་གྲོས་དོན་དང་བྱ་བ་གཞན་པར་གྲོས་སྡུར་དང་ཞིབ་འཇུག་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།