ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚན་ཁག་ཁྲིད་དེ་ཟི་ལིང་གྲོང་ཁྱེར་གྱི2020ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་ཁག་ཁུར་ལ་ཤུགས་བསྣན་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བའི་འགོ་རྩོམ་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཝང་ཅན་ཅུན་གྱིས་བསྟན་དོན། ད་ལོར། རིམས་ནད་འགོག་རྒོལ་དང་དཔལ་འབྱོར་གཏན་འཇགས། དམངས་ཚིས་འགན་སྲུང་། འབྱོར་འབྲིང་ཡོངས་འགྲུབ་བྱེད་པའི་ལས་འགན་ལྕི་མོར་ཁ་གཏད་དེ། ཟི་ལིང་གྲོང་ཁྱེར་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་གཞི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་རྒྱུ་བྱེད་ཐབས་སུ་བྱས་པ་དང་། འགོ་ཁྲིད་དང་པོས་རང་དཔེ་གཞན་སྟོན་བྱས་ལ། ཆབ་སྲིད་གླེང་བ་དང་ཁ་ཕྱོགས་ཁོང་དུ་ཆད་པར་བྱེད་པ། ཚན་ཁག་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་བྱེད་པ། སྤྱི་ཡོངས་ལ་འཆར་འགོད་བྱེད་པ། གནོན་ཤུགས་བརྒྱུད་སྒྲོག་བྱེད་པར་ཤུགས་སྣོན་པ། གཞི་རིམ་སྐོར་ཞིབ་འབུར་དུ་ཐོན་པར་བྱེད་པ། མི་བཀོལ་ཁྲིད་ཕྱོགས་གཏན་ཁེལ་བྱེད་པ། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་བྱེད་པ། གཡུལ་ས་གཉིས་ཀྱི་ཉམས་སད་ཐེག་པ་བཅས་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྔོན་དཔག་ལས་བཟང་བའི་གྲུབ་འབྲས་བླངས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ་བཅས་ཀྱིས་འགན་འཁྲི་གཉིས་ཐད་བཏོན་པའི་རེ་བ་གསར་བ་བཏོན་པ་དང་། འགན་འཁྲི་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་ལས་འགན་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱེད་པ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། འགན་འཁྲི་སྔར་ལས་ལག་བསྟར་བྱེད་པ་དང་ཁག་ཁུར་བྱེད་ཕོད་པར་བྱེད་དགོས།
ཟི་ལིང་གྲོང་ཁྱེར་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལྟ་ཞིབ་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ཕུལ།
ལོ་ཙཱ་བ། རིན་ཆེན་མཚོ།