ཟླ་དང་པོའི་ཚེས་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པའི་གནས་ཚུལ་བཅས་ལ་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམས་བསྐོ་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་བསྐྱར་དར་གྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་གནད་འགག་ནི་སྣེ་ཁྲིད་པ་ལེགས་པོ་འདེམས་རྒྱུ་དེ་ཡིན་པས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་སྤུས་ཚད་མཐོན་པོའི་ངང་སྤེལ་ནས། གྲོང་གསེབ་བསྐྱར་དར་དང་གཞི་རིམ་བཅོས་སྐྱོང་གི་ཆེད་དུ་དཔུང་སྡེ་བཟང་བོ་བསྐྲུན་དགོས།
ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས་པའི་དགོངས་པ་བཏོན་པ་ནི། རྒྱ་ཆེ་བའི་ཞིང་པ་མང་ཚོགས་ཀྱི་ཆེས་རེ་ལྟོས་ཆེན་པོ་ཞིག་ཡིན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཐབས་ཇུས་དང་ཕན་འབྲས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་དགོས་པར་གསལ་ཁ་བཏོན་པ་དེས་ཞིང་པ་མང་ཚོགས་ལ་ཡིད་ཆེས་ཆེན་པོ་བསྩལ་ཡོད། དེ་བཞིན་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཀྱི་བདེ་སྡོད་ལས་སྐྲུན། ཞིང་པ་འབྱོར་ཕྱུག་ལྡན་པར་བྱེད་པ་བཅས་ནན་གྱིས་བསྟན་པ་དེས་ཞིང་པ་མང་ཚོགས་ལ་བཅངས་བའི་བརྩེ་སེམས་མངོན་པར་མཚོན་ཡོད། གྲོང་གསེབ་དར་རྒྱས་ཀྱི་གནད་འགག་ནི་མི་ཡིན་ལ། མི་གོང་འཕེལ་ཡོང་བར་སློབ་སྦྱོང་ནི་མེད་དུ་མི་རུང་བ་ཡིན་པས། སློབ་སྦྱོང་གི་ཁྲོད་ནས་རྒྱལ་ཁབ་ཀྱི་དོན་ཆེན་ལ་ཐུགས་ཁུར་བྱེད་པ་དང་ཏང་གི་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ། སྡེ་དམངས་ཀྱི་དྲན་ཕྱོགས་དང་རེ་ལྟོས་བྱེད་ཡུལ་ལ་རྒྱུས་ལོན་བཅས་བྱེད་དགོས། གྲོང་གསེབ་དར་རྒྱས་ལ་མཚོན་ན་ཐོན་ལས་བསྐྱར་དར་ནི་འདེགས་སྐྱོར་ཡིན་པས། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མི་རེ་རེར་ལས་དོན་སྒྲུབ་རྒྱུ་ཡོད་པ་དང་ཡོང་འབབ་བཙལ་ས་ཡོད་པར་བྱས་ཏེ། ཚང་མ་ཕྱུག་པོ་གྱུར་ན་ད་གཟོད་དོན་གྱི་ཕྱུག་པོ་ཡིན།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། གསར་འདེམས་བྱུང་བའི་འགོ་ཁྲིད་ཚན་ཁག་གསར་པས་འོས་འགན་གསར་པ་ཕྲག་སྟེང་དུ་འཁུར་ཡོད་པས། གྲོང་གསེབ་དར་རྒྱས་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་རྗེས་ཀྱི་དམ་འཛིན་བྱེད་ཡུལ་གལ་ཆེན་ཞིག་ཡིན། ཁྲིམས་དང་ཁྲིམས་སྲོལ་ལྟར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་དང་། སྐབས་བརྗེ་འདེམས་བསྐོའི་རྗེས་ཀྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་སློབ་སྦྱོང་ཟབ་སྦྱོང་བྱ་བར་རྩ་འཛུགས་གང་ལེགས་བྱེད་པ། ཏང་ཡོན་དང་སྡེ་དམངས་ཀྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ལ་དཔྱད་འཇོག་བྱས་ཆོག་པའི་སྒྲིག་ལུགས་བཟོ་དགོས། སྐབས་གསར་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་ཁོངས་མིས་དྲང་བདེན་དྲང་ཕྱོགས་དང་སྒེར་སེམས་སྤུ་ཙམ་ཡང་མེད་པར་བྱས་རྗེས་འཇོག་པ། འཆར་གཞི་ཡོད་ཅིང་བྱེད་ཐབས་སྤྱོད་ཤེས་པ། ལས་དོན་སྒྲུབ་ཕོད་པ། ལས་དོན་འགྲུབ་ཐུབ་པ་བཅས་ཡོང་བར་འབད་དེ། སྡེ་བའི་མི་དམངས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་བསྐྱོད་པར་འབད་དགོས།
ཉེའོ་ཁྲིན་ཡུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།
ལོ་ཙཱ་བ། བན་དེ་སྐྱབས།