ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དང་པོའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཉིས་སྟོང་ཉི་ཤུ་ལོ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་བྱ་བར་ཕྱིར་དྲན་བྱས་ཤིང་། དེང་སྐབས་མདུན་དུ་ལྷགས་པའི་གནས་བབ་གསར་བར་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། ད་ལོའི་བྱ་བའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་དམིགས་འབེན་དང་འཕེལ་རྒྱས་གནད་སར་ཇུས་འགོད་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བའི་ཐད་ལ་རེ་བ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། དམངས་སྲིད་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་དུ་རིམ་པ་སོ་སོའི་ཏང་ཨུ་ཡིས་མཐོང་ཆེན་བྱེད་ཀྱིན་ཡོད། དུས་རབས་གསར་བར་ཞུགས་རྗེས། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཏང་ཨུའི་འགོ་ཁྲིད་འོག དུས་དང་རྣམཔ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་སྒོས་དམངས་སྲིད་ཞབས་ཞུ་སྒྲུབ་ཡུལ་གྱི་དཀའ་ཁག་ཁྱད་སེལ་བྱས་པ་དང་། དམངས་ཀྱི་དོན་དག་དང་དམངས་སེམས་སྐྱིད་པའི་བྱ་བ་གང་མང་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཐད་ལ་བྱས་རྗེས་ཆེན་པོ་བཞག དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པ་དང་སྤྱི་ཚོགས་ཡར་ཐོན་ཡོང་དགོས་ལ། མི་དམངས་བདེ་སྐྱིད་ལྡན་དགོས། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བ་སྒྲུབ་མཁན་གྱིས་དུས་སྐབས་གསར་བར་རྐང་འཛུགས་པ་དང་། འདུ་ཤེས་གསར་བ་ལག་བསྟར་བྱེད་པ། རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ལ། མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་པའི་འཚོ་བའི་དགོས་མཁོ་གཞི་རྩའི་དམིགས་འབེན་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དཀའ་སྤྱད་འབད་འཐབ་སྒོས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། རང་འགུལ་སྒོས་འགན་འཁྲི་ཁག་ཁུར་དང་བཅོས་སྒྱུར་ཟབ་སྤེལ། དཀའ་ཁག་ཁྱད་སེལ་བྱས་པ་དང་། དམངས་སྲིད་ཁྱབ་ཁོངས་ཀྱི་རིམས་ནད་འགོག་བཅོས་དང་དབུལ་ཐར་མཁྲེགས་གཏོར་གྱི་མས་སྐྱོར་འགན་སྲུང་ཐད་ནས་རྒྱལ་ཁ་ལེན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རོགས་འདེགས་བྱེད་པ་སོགས་ཀྱི་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། དམངས་སྲིད་དམངས་དོན་དང་དམངས་སྲིད་དམངས་གཅེས་ཀྱི་བྱ་བའི་འདུ་ཤེས་ལག་ལེན་ནན་མོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་རེ་བ་གཅིག་སྡུད་བྱེད་དགོས་ལ། ཧུར་ཐག་སྒོས་ཞིང་ཆེན་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་གཞི་རྩའི་དམངས་ཚིས་འགན་སྲུང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་མ་ལག་གསར་སྐྲུན་བྱེད་པ་དང་། མས་སྐྱོར་འགན་སྲུང་དང་མི་འདང་ས་ཁ་གསབ་དང་ཞན་ཆ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་གཙོར་འཛིན་པ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ནུས་ལྡན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ཧུར་ཐག་སྒོས་དམངས་སྲིད་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཁོང་ཡུང་གིས་ད་ལོའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་ཕྱོགས་བཞི་ནས་བཀོད་སྒྲིག་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།