ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་པ་དང་། ཚོགས་ཐོག་ནས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་དགོངས་དོན་བརྒྱུད་སྒྲོག་ལག་བསྟར་བྱས་ནས། མཚོ་སྔོན་གྱི་འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་གྱོང་གུད་ཁ་གསབ་ལམ་ལུགས་ཀྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ཐད་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་བཅོས་སྒྱུར་སྐོར་གྱི་ཇུས་གཞིར་གྲོས་ཞིབ་བྱས།
ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཐིན་ཅཱ་ཚའེ་དང་ལིས་ཅེ་ཞང་། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ། ཝང་ལིས་མེང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས། མུ་མཐུད་དུ་ཏང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཐུན་མོང་གཅིག་བསྡུས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བློ་སྤོབས་ཆེན་པོ་དང་བྱེད་ཐབས་དོན་གནས་ལ་བརྟེན་ཏེ་བཅོས་སྒྱུར་ལས་དོན་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་ལ་ཚན་རིག་གི་མཛུབ་སྟོན་སྣེ་འདོམས་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཡང་དག་བླངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་སྒྱུར་བཅོས་ཟབ་མོ་བཞིའི་བཅོས་སྒྱུར་འཕེལ་རིམ་ལ་གོ་བ་ཡང་དག་ལེན་པ། གཞི་གཅིག་ཏུ་སྦྲེལ་དགོས་པ་བཞིའི་བཅོས་སྒྱུར་བླང་བྱ་ལ་གོ་བ་མ་ནོར་བ་ལེན་པ། མ་ལག་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ཉམས་མྱོང་སྤྱི་སྡོམ་བྱེད་པ། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྒྲུབ་བྱེད་པ། བཅོས་སྒྱུར་འོས་འགན་ལ་གཅིག་གྱུར་འཆར་འགོད་བྱེད་པ། མང་ཚོགས་ཀྱི་རེ་ལྟོས་ལ་ཨ་ལན་འཇལ་བ། སྒྲིག་ལུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། བཅོས་སྒྱུར་གསར་གཏོད་གཞི་རྩའི་སྒུལ་ཤུགས་སུ་བརྩིས་ཏེ། བཅོས་སྒྱུར་གྱི་སྐུལ་འདེད་གཏོང་མཁན་དང་ལས་དོན་གཉེར་མཁན་ཏུ་འགྱུར་བར་བརྩོན་ལེན་བྱས་ཏེ། མཚོ་སྔོན་གྱི་ལས་རིམ་ཁག་སོ་སོའི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཕྲལ་བསྟུན་དོ་དམ་ནི་བདེ་འཇགས་འཕེལ་རྒྱས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན། འཕྲུལ་བསྟུན་དོ་དམ་བྱ་བ་བཟང་བོར་སྒྲུབ་པའི་གནད་འགག་ནི་ཏང་དང་མི། འོས་འགན་བཅས་ལས་རག་ལས་ཡོད་པས། ཏང་གི་འཕྲལ་བསྟུན་དོ་དམ་བྱ་བའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱུ་དང་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་འཛུགས་པ། རྒྱལ་ཁབ་བདེ་འཇགས་སྤྱིའི་ལྟ་བ་དངོས་འབེབས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ལ་འབད་དེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་བསྐྲུན་དགོས། ་སྒྲིག་ལུགས་ལམ་ལུགས་སྔར་ལས་ཆ་ཚང་དུ་གཏོང་བ་དང་། བྱ་བ་འདོད་ཐོག་ཏུ་ཡོང་བར་བྱེད་པ་དང་ཕྱོགས་བསྡུས་སྟོབས་ཤུགས་གྲུབ་པར་བྱེད་པ། མཐུན་སྦྱོར་སྟབས་བདེ་བ་བཅས་ཀྱི་ཆོས་ཉིད་ལྟར་དུ། སྒྲིག་ལུགས་གཅིག་བསྡུས་ཡོང་བར་བྱེད་རྒྱུ་དང་ལམ་ལུགས་གསོན་ཉམས་ཅན་དུ་ཡོང་བར་བྱེད་པ། ནུས་པ་སྟོབས་ལྡན་དུ་འགྱུར་བར་བྱེད་པ་བཅས་ལ་འབད་དེ། དོན་དག་མ་བྱུང་བའི་སྔོན་གྱི་འགོག་སྡོམ་དང་དོན་དག་འབྱུང་བཞིན་པའི་སྐབས་ཀྱི་མཁོ་བསྟུན་འཕྲལ་སྒྲུབ། ལས་དོན་དངོས་ཀྱི་སྐབས་སུ་ཐག་གཅོད་བྱེད་པ། དོ་དམ་ལེགས་པོ་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མཐུན་སྦྱོར་རང་བཞིན་དང་མཉམ་འགུལ་རང་བཞིན་འབུར་དུ་ཐོན་པར་བྱེད་རྒྱུ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་དང་འོས་འགན་ཁག་འཁུར་ནུས་པ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་ཡོང་བར་བྱེད་པ། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་རྣམ་པ་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྐྱིད་སྣང་དང་བདེ་ཚོར་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས།
ལོ་ཙཱ་བ། བན་དེ་སྐྱབས།