ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།
2021.01.22 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་སྲིད་གཞུང་གི2021ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད་དང་སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་བཅོས་སྒྱུར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་འབྲུ་ཁུག་དང་ཚལ་སླེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་འགར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་གི་ཁྲིམས་འཛུགས་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ཁྲིམས་སྐྱོང་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་གྱི་བྱ་བ་གལ་ཆེན་ཡིན་པས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ཁ་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་པ། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་བརྗོད་སྙིང་གཏན་ཁེལ་ལ་དམ་དུ་དམིགས་ནས། ཁྲིམས་འཛུགས་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་པ་མ་ཟད། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་འཛུགས་སྒྱུར་འདོར་འགྲེལ་གྱི་བྱ་བ་བཟང་བོར་བསྒྲུབ་དགོས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་ཀྱི་རེ་སྒུག་དམིགས་སུ་འཛིན་པ་དང་། རང་ཞིང་གི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། ས་གནས་ཁྲིམས་འཛུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། དམངས་ཚིས་འགན་སྲུང་དང་སྤྱི་ཐུན་འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་དམ་འཛིན་བྱེད་དགོས། གཅིག་གྱུར་མཐུན་སྦྱོར་དང་འགན་འཁྲི་ལག་བསྟར་ལ་ཤུགས་སྣོན་པ་དང་། ནང་ཞུགས་གཞོགས་འདེགས་ལ་ཤུགས་བསྣན་ནས། མཉམ་དུ་ཁྲིམས་འཛུགས་བྱ་བ་དམ་འཛིན་བྱེད་དགོས། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་བ་དང་། འདྲ་མཉམ་དཔལ་ཡོན་ཁྲིམས་འཛིན་གཟབ་ནན་དུ་བཏང་ནས། ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཚོགས་རོགས་སྐྱོར་ནི་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐིལ་རྟོགས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན། འགན་འཁྲི་ལག་བསྟར་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་རོགས་སྐྱོར་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། གཞི་རྩའི་དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། བྱ་བའི་ཞན་ཆ་ཁ་གསབ་བྱེད་པ་དང་། རང་འགུལ་འཚོལ་ཞིབ་རྐྱེན་སྲོལ་འཛུགས་པ། རོགས་སྐྱོར་གྱི་ཐབས་ལམ་བཏོད་པ། རོགས་སྐྱོར་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། རོགས་སྐྱོར་ལས་ཆོད་མཐོར་འདེགས་གཏོང་དགོས། རོགས་སྐྱོར་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་རོགས་སྐྱོར་བྱ་བ་སྒྲུབ་བཞིན་པ་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྤྱི་ཚོགས་རོགས་སྐྱོར་ཐད་ཀྱི་ཁ་དན་ཚིག་ལ་མི་གནས་པར་ཆད་པ་གཅོད་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རོགས་སྐྱོར་གཡོ་ལེན་བྱེད་པའི་བྱ་སྤྱོད་ཐད་ཀྱི་བརྟག་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་བདེ་འཇགས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། འབྲུ་ཁུག་དང་ཚལ་སླེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་འགའ་དམ་འཛིན་བྱེད་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། འབྲུ་རིགས་གསོག་འཇོག་གི་འཐབ་ཇུས་ལག་བསྟར་བྱས་ནས། རང་ཞིང་གི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་དང་ཐོན་ཚད་ཇེ་མང་དུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།