ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་དང་ས་ཞིང་བག་གཏོང་ཡོང་སྒོ་བཀོལ་སྤྱོད་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྔོན་དུ་རྒྱབ་སྐྱོར་བྱེད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་སྤྱིའི་འཕྲལ་བསྟུན་ཇུས་གཞི་བཟོ་བཅོས་སོགས་བྱ་བར་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁུལ་སྐོར་དང་པོའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་གཙོ་བོར་སྟེགས་བུའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་གཞི་རྩའི་བསམ་ཕྱོགས་དང་བྱེད་ཐབས་གཙོ་བོར་ཞིབ་འཇུག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྟེགས་བུ་དཔལ་འབྱོར་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་གལ་ཆེན་དང་ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་འཐབ་ཇུས་ཇུས་ཆོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བྱེད་ཐབས་འཆར་འགོད་ལ་ཤུགས་བསྣན་ནས། སྟེགས་བུ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དག་གཙང་ཐཱན་ཉུང་བདེ་འཇགས་ཕན་མཐོའི་ནུས་ཁུངས་མ་ལག་འཛུགས་པ། གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ། བཙོག་བཟོ་ཉུང་འདོན་དང་ཐཱན་ཉུང་གཏོང་གི་ལག་རྩལ་ཁྱབ་གདལ་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་སྲིད་ཇུས་དང་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ། ཐཱན་ཉུང་གཏོང་དབང་ཆ་ཉོ་ཚོང་སྤེལ་བ་སོགས་ཕྱོགས་ནས་བྱེད་ཐབས་བཟང་བོ་སྤྱོད་པ་དང་གྲུབ་འབྲས་བརྩོན་ལེན་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཐཱན་ཉུང་གཏོང་སོགས་འབྲེལ་ཡོད་ཤེས་བྱའི་སློབ་སྦྱོང་ལ་ཤུགས་བསྣན་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ལས་འགན་སྦྲེལ་མཐུད་དམ་འཛིན་བྱེད་པ། སྲིད་གཞུང་བྱ་བའི་སྙན་ཞུའི་ལས་འགན་གཙོ་བོ་བགོ་བཤའ་ལག་ཏུ་བསྟར་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གཙོ་བོར་དམིགས་ནས། ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱེད་པ་དང་། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། ལས་འགན་སྣ་ཚོགས་ཕན་ཚུན་སྦྲེལ་མཐུད་དང་ཕན་ཡོད་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། བྱ་བའི་བཀོད་གཏོང་དམ་འཛིན་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། དབྱེ་ཞིབ་ཟབ་མོ་དང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། སྲིད་ཇུས་ལག་བསྟར་དམ་འཛིན་བྱེད་པ་དང་། རྒྱབ་སྐྱོར་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱས་ཏེ། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེར་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་གྱིས་བྱེ་བྲག་གི་གྲུབ་འབྲས་སུ་བསྒྱུར་ནས། སྲིད་ཇུས་དང་སྒྲིག་གཞི་རྐྱེན་སྲོལ་སོགས་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ལས་བླངས་བ་དེ་ཕྱིར་མང་ཚོགས་ཀྱི་ཆེད་དུ་བཀོལ་བའི་བླང་བྱ་གལ་ཆེན་ལྟར། མ་དངུལ་སྤྱིའི་ཕན་འབྲས་མཐོར་འདེགས་གཏོང་བ། བཅོས་བསྒྱུར་གྱི་གོམ་འགྲོས་ཁོང་དུ་ཆུད་པར་བྱེད་པ། ཞིབ་དཔྱད་རྩིས་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ནས། ས་ཞིང་བག་གཏོང་བཀོལ་སྤྱོད་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས་སྔོན་དུ་གྲོང་གསེབ་དར་སྤེལ་ཐད་རྒྱབ་སྐྱོར་བྱེད་དགོས། གློ་བུར་བྱུང་བའི་དོན་རྐྱེན་གྱི་སྤྱིའི་འཕྲལ་བསྟུན་ཇུས་གཞིའི་བཟོ་བཅོས་དང་སློབ་སྦྱོང་ལག་བསྟར་སོགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཉིན་རྒྱུན་གྱི་ཉར་གསོག་ལ་ཤུགས་སྣོན་པ། དངོས་སྦྱོང་འཁྲབ་སྦྱོང་ཇེ་དྲག་ཏུ་གཏོང་བ། མི་འགོག་དང་དངོས་འགོག རྩལ་འགོག་ལ་གཅིག་གྱུར་འཆར་འགོད་བྱེད་པ། འགོག་དང་སྐྱོབ་ཀྱི་འགན་འཁྲི་སྦྲེལ་མཐུད་བཟང་བོ་བྱེད་པ། རིགས་མི་འདྲ་བའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱིའི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།