ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཆེད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཀྲུང་དབྱང་སྡེ་ཁག་གི་གནས་གཏན་རོགས་སྐྱོར་དང་མུ་རི་གཏེར་ཁུལ། མདོ་ལ་རི་བོའི་ལྷོ་རྒྱད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཀྱི་མཁོ་འདོན་འགན་སྲུང་དང་དམངས་ཚིས་འགན་སྲུང་། བདེ་འཇགས་འགན་སྲུང་། གཏན་འཇགས་འགན་སྲུང་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། 2021ལོའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་གྱི་སྤྱིའི་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་དང་ཚད་ལྡན་ལ་མཉམ་དུ་དོ་སྣང་བྱེད་པ་དང་། ནང་འདྲེན་དང་སྐྱེད་སྲིང་གཉིས་མཉམ་སྤྱོད་བྱེད་པ། སྲ་ཆས་དང་མཉེན་ཆས་གཉིས་མཉམ་འཛུགས་བྱས་ཏེ། སྟེགས་བུ་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཐཱན་ཉུང་གཏོང་དང་ཐཱན་སྙོམ་སྦྱོར་བྱ་བ་བཟང་བོར་བསྒྲུབ་པའི་་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། འཆར་འགོད་དང་འགུལ་སྐྱོད་ཀྱི་ཇུས་གཞི་གཏན་འབེབས་བྱེད་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་མ་ལག་འཛུགས་པ། རྒྱུན་མཐུད་ངང་སྐྱེ་ཁམས་ཐཱན་བསྡུས་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་འཚོ་བའི་རྣམ་པ་དར་སྤེལ་བྱས་ནས། རྒྱལ་ཡོངས་ཀྱིས་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་གཏོང་གི་རྐྱེན་སྲོལ་ལག་བསྟར་བཟང་བོ་བྱས་ཏེ། མ་དངུལ་གྱི་ཕན་ཡོད་རང་བཞིན་དང་གནད་ཕིགས་རང་བཞིན་མཐོར་འདེགས་གཏོང་དགོས། རྨོ་ཞིང་དང་ལྷག་པར་དུ་ཡུན་རང་གི་གཞི་རྩའི་ཞིང་སའི་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རྨོ་ཞིང་སྲུང་སྐྱོབ་ལ་བརྟེན་ནས་སྲིད་ཇུས་ཇེ་བརྟན་དུ་གཏོང་བ་དང་ཐོན་ཚད་ཇེ་བརྟན་དུ་གཏོང་བ། དམངས་སེམས་ཇེ་བརྟན་དུ་གཏོང་བ། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་པར་ཟུང་འབྲེལ་བྱེད་པ་དང་། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འཁོར་རྒྱུག་བཟང་བོ་དང་ཞིང་བའི་ཡོང་སྒོ་དང་འཛད་སྤྱོད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཤེས་བྱའི་བདག་དབང་གི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ། ཤེས་བྱའི་ཐོན་དབང་གི་སྦྲེལ་ཐག་ཧྲིལ་བོའི་སྲུང་སྐྱོབ་ལ་ཤུགས་བསྣན་ནས། གསར་གཏོད་སྒུལ་ཤུགས་དང་གསོན་ཤུགས་ཆེར་བསྐྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། རང་འགུལ་གྱི་སྦྲེལ་མཐུད་དང་སྔ་མོ་ནས་འཆར་འགོད་བྱེད་པ། རོགས་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་རྣམ་པ་ལེགས་བསྒྱུར་བྱེད་པ། ཐོན་ལས་མཉམ་ལས་དང་ཐོན་ཁུངས་ཁ་གསབ། ངལ་རྩོལ་སྦྲེལ་མཐུད། ཤེས་ལྡན་མི་སྣའི་བརྗེ་རེས་བཅས་ལ་ཤུགས་བསྣན་ནས། ཧུར་ཐག་གིས་རོགས་སྐྱོར་ཕན་འབྲས་མཐོར་འདེགས་གཏོང་དགོས། དུས་ཚོད་དམ་འཛིན་བྱེད་པ་དང་། གཙོ་གནད་ལ་དམ་དུ་དམིགས་པ་དང་མཉམ་ཤུགས་གྲུབ་པར་བྱེད་པ། མཉམ་ལས་སྤེལ་བ། བྱེད་ཐབས་བཟང་བོ་དང་སྤྱོད་ཚུལ་བཟང་བོ། རེ་བ་ནན་མོས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་དགོས། འགོག་དང་སྲུང་གི་མདུན་ལྗོངས་ཞིབ་གཅོད་ཇེ་དྲག་ཏུ་གཏོང་བ་དང་། གཙོ་གནད་ལ་དམིགས་པ་དང་མཐུན་སྦྱོར་མཉམ་འབྲེལ། སྤྱོད་ཚུལ་བསྒྱུར་བ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་མཁོ་འདོན་ལ་འགན་སྲུང་དང་། དམངས་ཚིས་ལ་འགན་སྲུང་། བདེ་འཇགས་ལ་འགན་སྲུང་། གཏན་འཇགས་འགན་སྲུང་བཅས་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། བདེ་འཇགས་ཞི་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། ཆུ་ཚད་མཐོན་པོས་མཚོ་སྔོན་གྱི་རིག་གནས་གནས་སྐོར་དུས་ཆེན་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱི་སྐྱེ་ཁམས་གནས་སྐོར་གྱི་ཤན་ཤུགས་དང་རབ་མཛེས་མཚོ་སྔོན་གྱི་མཚན་སྙན་རྒྱུན་མ་ཆད་པར་རྒྱ་སྐྱེད་དགོས་ཟེར།
ཚོགས་ཐོག་ནས། ལྔ་གཅིག་དུས་ཆེན་ཐོན་ལ་ཉེ་བས། ལྷོད་གཡེར་སྤུ་ཙམ་ཡང་མི་བྱེད་པར་རིམས་ནད་འགོག་བཅོས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བདེ་འཇགས་ཉེན་ཁ་རྟོག་སེལ་བྱེད་པ། འགྲིམ་འགྲུལ་དང་ཐོན་སྐྱེད་སོགས་ཁྱབ་ཁོངས་སོ་སོའི་བདེ་འཇགས་བྱ་བར་ཤུགས་སྣོན་པ། དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་བྱ་བ་ཇེ་དྲག་ཏུ་བཏང་སྟེ། བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།