ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2021.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། རྒྱལ་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་དུ་ལྟ་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཀོང་ཞི་ལ་ལྟ་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན། འགོ་ཁྲིད་མི་སྣའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན། པོ་ཨའོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2021ལོའི་ལོ་ཚོགས་བསྡུས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་རྡུང་རྡེག་བཅོས་སྐྱོང་བྱེད་པའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་རྒྱུས་ལོན་བྱེད་པ། གོ་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས། ནམ་ཡང་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་དུ་ལྟ་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གཉིས་ཟུང་འབྲེལ་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བཟང་བོ་བྱེད་པ། ཀུན་སྤྱོད་བཟང་བོར་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བཟང་བོ་བྱེད་པ། སློབ་གསོའི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱས་ནས་ལོ་བཅུ་ལོན་པའི་གོ་སྐབས་དང་བསྟུན་ནས། ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ལ་ལྟ་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། འབྲེལ་ཡོད་འགུལ་སྐྱོད་ཇུས་གཞི་དང་བྱ་བའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། ཆུ་དྭངས་རི་ལྗང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། ཏང་གི་སློབ་སྦྱོང་སློབ་གསོའི་ཁྲོད་ཡིད་རྟོན་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དང་རང་བྱུང་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན་པའི་སྐོར་གྱི་འདུ་ཤེས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་གནས་ཐིག་གཏན་ཁེལ་ལ་རྐང་བཙུགས་ནས། ཧུར་ཐག་གིས་རང་རྒྱལ་གྱི་ཐཱན་ཉུང་གཏོང་དང་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་འདུ་ཤེས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་བཅོས་སྐྱོང་ཐད་འདོན་སྤྲོད་བྱས་པའི་ཀྲུང་གོའི་ཇུས་གཞི་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། སྒོ་འབྱེད་གསར་གཏོད་རྒྱུན་འཁྱོངས་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ཏེ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པའི་ཁྲོད་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་རྡུང་རྡེག་བཅོས་སྐྱོང་བྱེད་པའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་པ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཤར་ནུབ་རྒྱུད་མཉམ་ལས་དང་རོགས་སྐྱོར་བྱ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་ཐུགས་ཁུར་བྱེད་པའི་དོན་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རོགས་སྐྱོར་མ་དཔེ་དང་རྐྱེན་སྲོལ། ནང་དོན། བྱེད་ཐབས་སོགས་ཕྱོགས་ནས་བྱ་བ་བཟང་བོར་བསྒྲུབ་པ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པར་དམིགས་པ། ས་བཞི་འཛུགས་སྐྲུན་བྱེད་པར་དོ་སྣང་བྱེད་པ། ར་བའི་ཁུལ་འཕེལ་རྒྱས་དང་ལས་གཞི་འཛུགས་སྐྲུན། ཐོན་ལས་སྤོ་བསྒྱུར། ཁེ་ལས་མཉམ་ལས། ལས་བྱེད་པ་གདམ་མངག ཤེས་ལྡན་མི་སྣ་བརྗེ་རེས་སོགས་ཀྱི་ཐད་ཤུགས་འདོན་པ། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པ་དང་གྲོང་ཁྱེར་དང་ཁུལ་གྱིས་འགན་ཁུར་བ། སྡེ་ཁག་གིས་གཞོགས་འདེགས་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཡུན་རིང་བོར་འཆར་འགོད་བྱེད་པ་དང་དུས་ཡུན་ཐུང་ངུའི་ནང་བཀོད་སྒྲིག་བྱེད་པ། ལག་བསྟར་དམ་འཛིན་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཚོ་སྔོན་གྱི་དགོས་མཁོ་སྐོང་བ་དང་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་ཆེན་བསྒྲུབ་པ། དཀའ་གནད་ཐག་གཅོད་པ། སྐོར་གསར་བའི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བའི་ཕན་འབྲས་ཆེར་བསྐྱེད་པ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བའི་ནང་སྐྱེས་སྒུལ་ཤུགས་སྔར་ལས་མཐོར་འདེགས་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ལམ་ལུགས་ཀྱིས་ཏང་བཅོས་སྐྱོང་བྱེད་པ་དང་ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལམ་ལུགས་ཀྱིས་ཏང་བཅོས་སྐྱོང་བྱེད་པ་དང་ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་སྤྱིའི་བསམ་ཕྱོགས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། ལམ་ལུགས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོན་པོས་རང་ཞིང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་ཁྲིམས་སྲོལ་བརྩི་མཐོང་དང་སློབ་སྦྱོང་། བརྩི་སྲུང་བྱེད་པ་དང་། ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྒྲིག་ལམ་ལག་བསྟར་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་འགན་ལག་བསྟར་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། རང་ཞིང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།