མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་བཀོད་སྒྲིག་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་འཚོགས།
2021.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་བཀོད་སྒྲིག་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་ལྔ་པའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། བྱ་བ་སྤེལ་བའི་གནས་ཚུལ་ལ་ཞིབ་བཤེར་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། སློབ་གསོའི་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་བཅོ་ལྔ་པའི་ཚན་གཙོ་གཞོན་པ་མཱ་ཀྲིན་ཆི་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། རང་ཞིང་གི་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་བྱ་བ་སྤེལ་བའི་ཚུན་དུ། ངོས་ཟིན་རིམ་པ་བཞིན་ཇེ་མཐོར་འགྲོ་བཞིན་པ་དང་སློབ་གསོ་རིམ་པ་བཞིན་ཇེ་ཟབ་ཏུ་གཏོང་བཞིན་ཡོད་ལ། བཅོས་སྐྱོང་ཐད་ནས་གྲུབ་འབྲས་ཐོབ་པ་དང་། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། སྲིད་ཁྲིམས་ཉེན་རྟོག་པ་ཡོངས་ཀྱིས་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་ལ་ཟུང་འབྲེལ་བྱས་ནས། ཆབ་སྲིད་དང་བསམ་བློ། བརྩེ་སེམས། སྤྱོད་ལམ་གྱི་སྦྱོང་བརྡར་དང་ལེན་བྱས་པ་དང་། མི་ཚེའི་ཆེས་རྩ་ཆེ་བའི་རྒྱུ་ནོར་ལོངས་སྤྱོད་བྱེད་ཐུབ་པ་བྱུང་། གནས་བབ་སྲ་བརྟན་དུ་གཏོང་བའི་ཞོར་དུ། དངོས་ཡོད་གནས་ཚུལ་དེ་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བླང་བྱ་དང་མི་མཐུན་པ་དང་། མི་འཚམ་པའི་གནད་དོན་ལ་ལྟ་ཚུལ་ཡང་དག་བཟུང་སྟེ། སྐོར་དང་པོའི་སློབ་གསོ་བཅོས་སྐྱོང་བྱ་བ་དམ་འཛིན་བྱས་ནས། སྐོར་གཉིས་པའི་སློབ་གསོ་བཅོས་སྐྱོང་དང་སྦྲེལ་མཐུད་བྱེད་པའི་ཐད་སྣང་ཚུལ་བཟང་བོ་དང་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་། ཏང་ཀྲུང་དབྱང་གི་བསྩལ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡོངས་འགྲུབ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དེ་རིང་གི་གྲོས་ཚོགས་ནི་དུས་ཚིགས་གལ་ཆེན་སྐབས་ཀྱི་བཀོད་སྒྲིག་གྲོས་ཚོགས་ཤིག་ཡིན་ལ། སློབ་གསོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཤུགས་སྣོན་གྲོས་ཚོགས་ཀྱང་ཡིན། བསམ་བློའི་སྐུལ་སློང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ན། ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་ངོས་འཛིན་གཅིག་གྱུར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་དང་ཉེན་བརྡའི་སློབ་གསོ། དཔའ་བོ་དཔེ་བཟང་ཅན་གྱི་སློབ་གསོ་སྤེལ་ནས། བློ་དཀར་བ་དང་བཀུར་སྐྲག་གི་སེམས་པ་ཡོད་པར་བྱེད་པ་དང་བར་ཐག་འཚོལ་དགོས། འགལ་རྩོད་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་བྱ་བའི་ཁ་ཕྱོགས་སུ་བྱེད་པ། ཤུགས་བཏོན་ནས་ཁུངས་སྣེའི་འགོ་ཁུངས་རྒྱ་བསྐྱེད་པ། ནག་འཇོམས་ངན་སེལ་བྱ་བ་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། བྱ་བའི་གྲུབ་འབྲས་བཟང་བོ་བླངས་ཏེ། ནག་འཇོམས་ངན་སེལ་བྱེད་པ་དང་གནོད་འཚེ་བཅོས་སྐྱོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས། འབྲེལ་ཡོད་ཀྱི་སྲིད་ཇུས་འགྲེལ་བཤད་གསལ་བོ་བྱེད་པ་དང་། སེམས་ནད་མེད་པར་བྱེད་པའི་སྟེང་ཤུགས་འདོན་པ། ཚད་ཆེས་མཐོ་བའི་སྒོ་ནས་ཉེན་རྟོག་པའི་དོགས་པ་སེལ་བ། ཉེན་རྟོག་པས་མི་ཚེ་དང་བྱ་བའི་ཐད་ཀྱི་གདམ་གསེས་ཡང་དག་བྱེད་པར་རོགས་བྱས་ཏེ། ཉེན་རྟོག་པས་ནམ་ཡང་དྲིན་ལན་འཇལ་བ་དང་བཀུར་ཞིང་སྐྲག་པའི་སེམས་པ། འགན་འཁྲིའི་སེམས་པ་ཁྱེར་ནས་ཏང་དང་མི་དམངས་ཀྱི་བློ་དཀར་བའི་སྐུ་སྲུང་བ་བྱེད་དགོས། བློ་སེམས་རྩེ་གཅིག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་། མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ། དམངས་ཕན་དམངས་བདེ་དང་རིག་སྟོབས་རིག་ནུས་ཀྱི་བྱེད་ཐབས་གསར་བ་རྒྱུན་མཐུད་ངང་ཕྱིར་འདོན་པ། ཧུར་ཐག་གིས་སྣ་མང་ཅན་དང་རིམ་པ་མང་བ། ཕྱོགས་མང་པའི་ཁྲིམས་འཛིན་ཐོན་རྫས་འདོན་སྤྲོད་བྱས་ནས། མང་ཚོགས་ཀྱིས་སློབ་གསོ་བཅོས་སྐྱོང་གིས་ཁྱེར་ཡོང་བའི་སྣང་བརྙན་གསར་བ་དང་སྣང་ཚུལ་གསར་བ། འགྱུར་ལྡོག་གསར་བ་ཚོར་བྱེད་ཐུབ་པར་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་སློབ་གསོ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་བསྡུ་རུབ་བྱེད་པ། ལམ་ལུགས་བཀོལ་སྤྱོད་བྱེད་པའི་སྟེང་ཤུགས་འདོན་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་བྱེད་པའི་སྟེང་ཤུགས་འདོན་པ། གནད་དོན་འཚོལ་བ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་པའི་གོ་རིམ་ཁྲོད་སློབ་གསོ་བཅོས་སྐྱོང་གི་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱེད་པའི་སྟེང་ཤུགས་བཏོན་ནས། ལམ་ལུགས་རྐྱེན་སྲོལ་ལ་བརྟེན་ནས་གཟབ་ནན་གྱི་རྨང་གཞི་གཙོ་བོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་ཁྲིམས་སྡེ་ཁག ཏང་ཡོན་ཡོངས་ཀྱིས་རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་བཞག་སྟེ། རང་ཉིད་གསར་བརྗེའི་སྤོབས་པ་བཅངས་ནས་སློབ་གསོ་བཅོས་སྐྱོང་ཁྲོད་ཞུགས་དགོས། རིམ་པ་སོ་སོའི་ཏང་ཨུས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། འགོ་ཁྲིད་དང་པོ་འགན་འཁྲི་མི་སྣ་དང་པོ་བྱེད་པ། རིམ་པ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྲིད་ཁྲིམས་སྡེ་ཁག མཛུབ་ཁྲིད་ཚན་ཆུང་གིས་ཡུལ་དངོས་བཀོད་འདོམས་ཀྱི་ཐད་ཀར་འགན་འཁྲི་ཕྲག་ཏུ་ལེན་པ། འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་གིས་རང་འགུལ་གྱིས་མཉམ་ལས་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་བཅོས་སྐྱོང་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་ན། སློབ་གསོ་བཅོས་སྐྱོང་དམ་འཛིན་བྱེད་པ་མ་ཟད། མིག་སྔའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་ནས། ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཐད་ཞི་བདེ་གཏན་འཇགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་བ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། གཟབ་ནན་དང་དངོས་གཉེར་གཉིས་མཉམ་འཛིན་བྱེད་པ་དང་རྒྱུན་མཐུད་ངང་ཤུགས་འདོན་པ། འགན་འཁྲི་གཏན་ཁེལ་བྱེད་པ། འགོ་ཁུངས་དམ་འཛིན་དང་རྩ་བར་བཅོས་སྐྱོང་བྱས་ཏེ། བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སློབ་གསོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱིན་པད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐིན་ཅ་ཚའེ་དང་ཝང་ཡུས་ཡན། ཀྲང་ཙིག་ཅུན། མིན་ཡུང་ཧྲན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ལིས་ཧུང་ཡ་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་རུ་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།

ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། མིན་ཧི་རྫོང་། ཁྲི་ཀ་རྫོང་། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ། མགོ་ལོག་ཁུལ་དུ་སྡོད་པའི་མཛུབ་སྟོན་ཚན་ཆུང་སོགས་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།

རིན་ཆེན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།