ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2021.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་ལྔ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཚན་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཀྲི་ཀང་གིས་ཁ་བྱང་ལ་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པའི་ངོས་ཟིན་འགའ་དང་མྱོང་ཚོར་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་སློབ་སྦྱོང་གྲོས་ཚོགས་ལ་མགོ་འཛིན་བྱས།

ཝང་ཀྲི་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་བྱ་བའི་བཀོད་སྒྲིག་དང་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་བསམ་ཕྱོགས་བྱེད་ཐབས་བཅས་ཕྱོགས་གསུམ་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་གོ་དོན་གཙོ་བོར་འགྲེལ་བཤད་ཟབ་མོ་བྱས་པ་དང་། གཅིག་བསྡུས་སྒོས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་བྱ་བའི་ཐད་ནས་བླངས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་ལ། ཚན་རྩལ་གསར་གཏོད་ཀྱི་མདུན་དུ་ལྷགས་པའི་གནས་བབ་ལ་ལ་དབྱེ་ཞིབ་དང་བརྡར་གཅོད་ནན་མོ་བྱས་པའི་རྨང་གཞིའི་སྟེང་། དུས་རབས་གསར་བའི་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་གཏན་ཁེལ་དང་ལས་འགན་གཙོ་བོར་ཁྱོན་ཡོངས་ནས་འགྲེལ་ཀློག་བྱས་པ་མ་ཟད། མཚོ་སྔོན་གྱིས་གསར་གཏོད་རང་བཞིན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ནས་མཛུབ་སྟོན་རང་བཞིན་གྱི་གྲོས་གཞི་དང་བསམ་འཆར་བཏོན། ཚང་མས། ཟུར་ཁྲིད་སྙན་ཞུ་ཡིས་ཚན་རྩལ་གསར་གཏོད་ལས་དོན་གྱི་ཆེས་མདུན་གྲས་ལ་རྐང་བཙུགས་ཡོད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཞིང་གྲུབ་འབྲས་ལ་སྤྱི་སྡོམ་བཟང་བོ་བྱས་ལ། གནས་བབ་ལ་རྒྱུས་ལོན་ཡང་དག་བྱས་པ་དང་། བྱ་བའི་བསམ་ཕྱོགས་གསལ་ཞིང་གྲོས་གཞི་བཟང་བོ་བཏོན་ཡོད་ལ། གཞུང་ལུགས་རང་བཞིན་དང་མངོན་སུམ་རང་བཞིན། ཁ་གཏད་རང་བཞིན་ལྡན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ། གསར་གཏོད་རང་བཞིན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་གཞུང་ལུགས་དང་ལག་ལེན་གྱི་དོན་སྙིང་ཆེན་པོ་ལྡན་སྙམ།

ཚང་མས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་ཁྱོན་ཡོངས་གསར་གཏོད་ཁྲོད་ཀྱི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱེད་པའི་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་གྱི་དགེ་མཚན་ཐོན་ལས་ཁྱབ་ཁོངས་དང་ཐོན་ཁུངས་དགེ་མཚན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བརྡར་གཅོད་བྱེད་པའི་རྨང་གཞིའི་སྟེང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་མཐོར་འདེགས་གཏོང་བ་དང་། གསར་གཏོད་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པ་དང་ཕན་མཐོ་བའི་རྩ་འཛུགས་མ་ལག་འཛུགས་པ། གསར་གཏོད་ཀྱི་སྐྱེ་ཁམས་བཟང་བོ་འཛུགས་པ། མཚོ་སྔོན་ཁྱད་ཆོས་དགེ་མཚན་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས། གསར་གཏོད་མ་ལག་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཧུར་ཐག་གིས་གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་མིན་པའི་ཞིང་ཆེན་གྱི་འགོ་ཁྲིད་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན། ཞིང་ཆེན་ཚན་རྩལ་ཐིན་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་སློབ་སྦྱོང་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།