ཞིང་ཆེན་ཏང་ཨུས“5·22”རྨ་སྟོད་ས་ཡོམ་གནོད་སྐྱོབ་གྲོས་ཚོགས་བསྡུས།
2021.05.24 ཁུངས། ཀློག་གྲངས། 21

ཞིང་ཆེན་ཏང་ཨུས“5·22”རྨ་སྟོད་ས་ཡོམ་གནོད་སྐྱོབ་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཝང་ཅན་ཅུན་གྱིས་མགོ་འཛིན་དང་གཏམ་བཤད་གནང་ལ། ཞིན་ཁྲང་ཞིང་གིས་གཏམ་བཤད་གནང་།

ཟླ5བའི་ཚེས22ཉིན་གྱི་དགོང་མོར། རྨ་སྟོད“5.22”ས་ཡོམ་གྱི་གནོད་སྐྱོབ་ཆེད་དོན་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཚོགས་འདུའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཛུབ་སྟོན་དང་མཆན་བཀོད་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། གནོད་འགོག་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་རྗེས་ཀྱི་བྱ་བའི་ལས་དོན་ལ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། རྨ་སྟོད“5.22”ཡོམ་འགོག་གནོད་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་མཛད་པ་དང་གསུང་བཤད་གནང་ལ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཞིན་ཁྲང་ཞིང་གིས་གསུང་བཤད་གནང་།

མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཝུའུ་ཞའོ་ཅོན་དང་ཡུས་ཚུང་ལི། ཁོང་ཡུང་། ལི་ཧོང་ཡཱ་བཅས་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་སྟེང་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོར་གནོད་སྐྱོབ་བྱ་བར་བཀོད་འདོམས་དུ་ཕེབས་པའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཅེ་ཞང་གིས་བརྙན་མིག་བརྒྱུད་ནས་གནོད་འགོག་ཡུལ་དངོས་ཀྱི་གནས་ཚུལ་ཡར་ཞུ་བྱས།

གྲོས་ཚོགས་ལས་བསྟན་དོན། “5.22”རྨ་སྟོད་དུ་ས་འགུལ་བྱུང་རྗེས།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་དང་ཐུགས་ཁུར།  རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུའི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲལ་མར་སྒྲིག་འཛུགས་དང་བཀོད་གཏོང་བྱས་པ་བརྒྱུད།  འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་ཁག་གིས་གནས་ཚུལ་ཐོས་མ་ཐག་མགྱོགས་མྱུར་སྒོས་གཅིག་ཏུ་བསྡུས་ནས་ལམ་ལ་ཆས།  དེས་གནོད་འཚེ་ཆེན་པོའི་མདུན་དུ་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་པ་དང་དང་བླངས་ཀྱི་མཛད་པ་མངོན་པར་བྱས་ཡོད། 

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་གཙིགས་འཛིན་དང་།  ཚེ་སྲོག་གཙོར་བཟུང་།  ཕྱོགས་ཡོངས་ནས་རྨས་སྐྱོན་ཐེབས་པའི་རྨས་མར་སྐྱོབ་བཅོས་དང་།  མང་ཚོགས་བཀོད་སྒྲིག  འཚུབ་བསྟུན་ཤར་བགྲོད།  གནོད་ཚུལ་ཡར་ཞུ།  རིམས་ནད་སྔོན་འགོག  བསྐྱར་འབྱུང་སྔོན་འགོག་སོགས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ་གནོད་འཚེའི་གྱོང་གུད་ཆུང་དུ་གཏོང་བ་དང་གོ་རིམ་ལྡན་པའི་ངང་ཡོམ་འགོག་གནོད་སྐྱོབ་བྱ་བ་གངས་ལེགས་བསྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནོད་སྐྱོན་ལ་རྩ་འཛུགས་མགོ་ཁྲིད་བྱ་རྒྱུ་ནི་བྱ་བ་གཙོ་བོ་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཚན་ཆུང་གི་འགན་ཁུར་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བའི་མགོ་ཁྲིད་དང་ལེགས་སྒྲིག་ལ་ཤུགས་སྣོན་དགོས་པ་དང་། ཁོངས་མིའི་སྡེ་ཁག་གི་འགན་ཁུར་དོན་འཁྱོལ་ལེགས་པོ་བྱ་རྒྱུ་དགོས་ལ། དེ་མིན་རྩ་འཛུགས་མགོ་ཁྲིད་ཀྱི་འཁོར་སྐྱོད་ནུས་ལྡན་དང་སྙོམ་སྒྲིག་རིམ་ལྡན་ངང་སྤེལ་བར་འགན་ལེན་ཁག་ཐེག་བྱ་དགོས། གནོད་སེལ་རྒུད་སྐྱོབ་ལ་གཅིག་གྱུར་གྱི་བཀོད་འདོམས་བྱ་རྒྱུ་ནི་བྱ་བ་གཙོ་བོ་ཞིག་ཡིན། གནོད་སྐྱོན་ནི་བཀའ་རྒྱ་ཡིན་ལ། འཁན་ཁུར་རྒྱུན་འཁྱོངས་བྱ་རྒྱུ་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི། གནོད་སེལ་ནི་བྱ་བ་ཐམས་ཅད་ལས་ཀྱང་གལ་ཆེན་ཡིན་པ་དང་། འགྱུར་མེད་ངང་གཅིག་གྱུར་གྱི་བཀོད་འདོམས་དང་ལེན་བྱས་ཏེ། འགན་མི་ཁུར་བ་དང་ཕྱི་ཚུལ་རིང་ལུགས། འགན་ཁུར་ལ་བཤོལ་བ་སོགས་ཀྱི་གནད་དོན་གཏན་ནས་བྱུང་མི་ཆོག ཚན་རིག་གི་དཔྱད་འཇོག་རྟོགས་པར་བྱ་རྒྱུ་ནི་བྱ་བ་གཙོ་བོ་ཞིག་ཡིན། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཡིན་པ་དང་། སྣོད་བཅུད་ལ་གནོད་སྐྱོན་མེད་པ། སྤྱི་ཚོགས་བདེ་ཞིང་གོ་རིམ་ལྡན་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག དྲ་རྒྱའི་རྣམ་པ་ཅན་གྱི་ཞིབ་བཤེར་བྱས་ཏེ། གནོད་ཐེབས་མང་ཚོགས་བདེ་འགོད་བྱ་དགོས། ས་གཤིས་གནོད་སྐྱོན་གྱི་ལེགས་སྒྲིག་བྱ་བར་ཤུགས་བསྣན་ནས། རོགས་སྐྱོར་གྱི་འགྲིམ་འགྲུལ་བགྲོད་ལམ་ལ་ཁག་ཐེག་གང་ལེགས་བྱ་དགོས་པ་དང་། གནམ་གཤིས་སྔོན་བརྡ་དང་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ་དོ་སྣང་གང་ལེགས་བྱས་ཏེ། ཡང་བསྐྱར་གནོད་སྐྱོན་འབྱུང་བ་འགོག་དགོས་ལ། རིམ་ལྡན་ངང་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱ་བ་སྤེལ་བར་སྣེ་ཁྲིད་དགོས། དེ་མིན་གནོད་པ་ཐེབས་མཁན་དང་གནོད་ཐེབས་ཀྱི་ས་ཁུལ་སྡོམ་རྩིས་གནད་དུ་ཐིངས་པ་བྱ་དགོས། ས་འགུལ་གྱི་གནོད་སྐྱོན་བྱུང་བའི་རྗེས་ལ་སྒྲིག་གཞི་བསྐྱར་གསོ་བྱ་རྒྱུ་ནི་བྱ་བ་གལ་ཆེན་ཞིག་ཡིན། མྱུར་དུ་ཆུ་དང་གློག དྲོད་རླངས་སོགས་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་དག་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་ལ། སློབ་གྲྭ་ཆུང་འབྲིང་དང་ལྷག་པར་དུ་མི་འགྱངས་བར་མཐོ་རྒྱུགས་དང་འབྲིང་རྒྱུགས་ལ་ཞུགས་པའི་སློབ་མ་རྣམས་ཀྱི་རྒྱུན་ལྡན་འཚོ་བར་ཁག་ཐེག་གང་ལེགས་བྱ་དགོས། དེར་འགན་ལེན་དང་མཁོ་འདོན། བཅོས་སྐྱོང་། སློབ་ཁྲིད། སྔོན་འགོག་བཅས་ངེས་པར་བྱ་དགོས་པ་དག་དུས་ཐོག་ཏུ་འགན་ལེན་དང་ཁག་ཐེག་བྱ་དགོས། ལྷག་པར་དུ་རིམས་ནད་སྔོན་འགོག་གི་བྱ་བ་ལེགས་པོར་བསྒྲུབ་སྟེ། གནོད་སྐྱོན་གྱི་རྗེས་ལ་རིམས་ནད་མི་འབྱུང་བར་བྱ་དགོས། ཏང་ཡོན་གྱིས་མང་ཚོགས་ལ་སྣེ་ཁྲིད་བྱ་རྒྱུ་ནི་བྱ་བ་གཙོ་བོ་ཞིག་ཡིན། གནོད་སེལ་ལ་ཞུགས་པའི་ས་ཁུལ་དང་སྡེ་ཁག་སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་ལས་བསྟན་པའི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ། བློ་གཅིག་སེམས་གཅིག་གིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་སྒྲུབ་དཀའ་བའི་གནད་དོན་ལེགས་པོར་བསྒྲུབ་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཀྲུང་གོ་གུང་ཁྲན་ཏང་གི་གདོང་ལེན་གྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་རང་སྲུང་དང་རང་སྐྱོབ་ཀྱི་སེམས་ཤུགས་ཆགས་པར་བྱ་རྒྱུར་སྣེ་ཁྲིད་ནས། གོང་འོག་ཐམས་ཅད་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་སེལ་རྒུད་སྐྱོབ་ཀྱི་ཁ་དབུགས་ལེགས་པོ་ཞིག་ཆགས་པར་བྱ་དགོས། གནས་ཚུལ་དུས་ལྟར་སྤེལ་རྒྱུ་ནི་བྱ་བ་གཙོ་བོ་ཞིག་ཡིན། སྨྱན་བྱད་དང་གསར་འགོད་ལས་བྱེད་པས་རང་གི་མཐོང་ཐོས་མྱོང་གསུམ་ལ་ཤུགས་བསྣན་ནས། དྲིལ་སྒྲོག་དང་གསར་འགྱུར་སྒྲོག་སྤེལ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཆད་ལྷག་མི་ཡོང་བ་དང་རྫུན་བཟོ་མི་བྱེད་པ་སོགས་ཀྱི་བྱ་བ་རྒྱུན་འཁྱོངས་ཀྱིས་ཏང་དང་སྲིད་གཞུང་གི་ཡང་དག་པའི་བྱ་བའི་བྱེད་ཕྱོགས་ལེགས་པོར་སྒྲོག་དགོས།

གྲོས་ཚོགས་ཀྱིས་ཞིང་ཆེན་ས་ཡོམ་ཅུའུ་དང་ཞིང་ཆེན་རང་བྱུང་ནུས་ཁུངས་ཐིན། ཞིང་ཆེན་འཚུབ་བསྟུན་དོ་དམ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྤྱི་བདེ་ཐིན་སོགས་མགོ་ཁྲིད་ཚན་ཆུང་མི་སྣ་དང་ལས་ཁུངས་ཀྱི་ཡོམ་འགོག་གནོད་སྐྱོབ་གནས་ཚུལ་ཡར་ཞུ་ལ་ཉན།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།