ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2021.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་པ་དང་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བར་སྤྱི་སྡོམ་བྱས་པ་ལས་གཞན། ཉིས་སྟོང་ཉེར་གཅིག་ལོའི་འོས་འགན་གཙོ་བོར་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡུས་ཚུང་ལི་དང་ལིག་ཀི་ཕིང་། ཀྲང་ལིས་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་འབྲེལ་ལས་དོན་ལ་མཐོང་ཆེན་བླ་མེད་གནང་སྟེ་དེ་འབྲེལ་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་སྤེལ་བས། དུས་རབས་གསར་པའི་ཏང་གི་ཕྱི་འབྲེལ་བྱ་བ་བཟང་བོར་སྒྲུབ་པའི་ཐད་གཞི་རྩའི་ཆོས་ཉིད་དང་ལག་ལེན་ཁ་ཕྱོགས་གསལ་སྟོན་གནང་། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་པ། སྲོག་ཤིང་དཀྱིལ་སྙིང་དུ་བཟུང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ། རིམས་ནད་འགོག་སྡོམ་བྱ་བ་བརྟན་བརླིང་ངང་སྤེལ་བ། ཕྱི་འབྲེལ་བརྗེ་རེས་དོན་ལྡན་སྤེལ་བར་བརྟེན། རྒྱལ་ཁབ་སྤྱིའི་ཕྱི་འབྲེལ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱེད་ནུས་གལ་ཆེན་བཏོན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོའང་ཡིན་པས། ཕྱི་དོན་ལས་དོན་བཟང་བོར་སྒྲུབ་པ་ལ་དོན་སྙིང་ཆེན་པོ་ལྡན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་པ་བཅས་ལ་འབད་དེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྷག་ལུས་མེད་པར་དངོས་འབེབས་མཐར་ཕྱིན་བྱེད་དགོས་ཟེར།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།