ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་ནས་མཚོ་སྔོན་པོའི་ཁེ་རམ་ཐང་དང་མདོ་ལ་རི་བོ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་ཡུལ་དངོས་སུ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ལ་གཟིགས་ཞིབ་གནང་། དེའི་རྗེས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་ཕེབས་ནས་བོད་རིགས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་གི་པོད་འཕྲིན།