ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཝང་ཅན་ཅུན་གྱིས་བསྟན་དོན། དུག་རྫས་ཀྱིས་མི་རེ་རེར་གནོད་སྐྱེལ་བ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས་དུག་འགོག་བྱ་བའི་འགན་འཁྲི་ཧ་ཅང་ལྗིད། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ཀྱིས་འགན་འཁྲི་བརྩི་སྲུང་དང་དཀའ་སྤྱད་སྒོས་བྱ་བ་བསྒྲུབས་པ་དང་། ཉེན་ཁར་མ་འཛེམ་པར་གནད་འཁེལ་བྱེད་ཐབས་སྤྱད་དེ། དུག་འགོག་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པས། བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་བཀའ་དྲིན་ཆེ་ཞུས་པ་ཡིན། དུག་རྫས་ཉིན་གཅིག་ལ་མ་བཀག་ན་མི་རེ་རེར་གནོད་འཚེ་བཟོ་ངེས་ཡིན། ཞིང་ཆེན་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ཀྱིས་དུག་རྫས་ཀྱི་མགོ་ཁུངས་ལ་དམིགས་ཏེ་རིམ་བཞིན་ཁྱབ་པར་འགྲོ་བའི་རྒྱུན་གཅོད་པ་དང་། དོ་དམ་དང་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པ་དང་། རོགས་སློབ་དམ་འཛིན་བྱེད་པར་མ་ཟད། ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་དང་ནང་ཁུལ་ནས་བསྐྱར་འཕར་འབྱུང་བ་འགོག་སྲུང་བྱེད་པའི་བདེ་འཇགས་དྲ་བ་ཆགས་པར་བྱས་ནས། མཚོ་སྔོན་གྱི་བདེ་འཇགས་འཆམ་མཐུན་དང་རིགས་སོ་སོའི་མི་དམངས་ཀྱི་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།
ཞིན་ཁྲང་ཞིང་གིས་བསྟན་དོན། དུག་འགོག་བྱ་བ་དེ་མི་དམངས་ཀྱི་བདེ་ཐང་བདེ་འཇགས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་འབྲེལ་བ་ཡོད། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་བྱས་ཏེ། རིགས་མི་འདྲ་བའི་དུག་རྫས་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བ་དེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བྱུང་བ་དང་དུག་འགོག་གནས་བབ་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་སོང་ཡོད། ཕྱིན་ཆད་ཞིང་ཆེན་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རང་རྟོགས་སྒོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་ལེན་བྱེད་པ་དང་། དུག་འགོག་བྱེད་ཕྱོགས་ལག་ལེན་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། དུས་རྫས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུག་འགོག་བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པར་མ་ཟད། རྒྱུན་མཐུད་སྒོས་དོ་དམ་ཚོད་འཛིན་དང་སྔོན་འགོག་དྲིལ་སྒྲོག ཆེད་དོན་བཅོས་སྐྱོང་བྱ་བ་ལེགས་པོར་བསྒྲུབ་ནས། དུས་རབས་གསར་བའི་དུག་འགོག་མི་དམངས་འཐབ་འཛིང་ལས་རྒྱལ་ཁ་ལེན་དགོས།
ལིས་ཧུང་ཡ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། དུས་དང་རྣམ་པ་ཀུན་ཏུ་དུག་རྫས་ཉེས་ཅན་ལ་རྡུང་རྡེག་ནན་མོ་བྱེད་དགོས་པར་མ་ཟད། ཁྲིམས་ལྟར་དུག་འབྲེལ་ནག་ཉེས་ལ་རྡུང་རྡེག་བྱེད་པ་དང་། ལྟ་ཞིབ་རྡུང་རྡེག་ནུས་པ་མཐོར་འདེགས་སུ་བཏང་ནས། རྦད་ཆོད་སྒོས་དུག་རྫས་ཁྱབ་གདལ་དུ་འགྲོ་བའི་རྣམ་པ་གཏན་འགོག་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།