ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱས།
2021.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སོང་ནས་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་འཛིན་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་བ་དང་། མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། ཆུ་དྭངས་རི་ལྗང་དེ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས།

ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་རྫ་མ་སྐེ་ཡུལ་ཚོ་སྒོ་མེ་དགོན་པའི་ལྕགས་རིགས་གཏེར་ཁུངས་དང་ནུབ་རི་ལྕགས་རིགས་གཏེར་ཁུངས་སོགས་ལ་སོང་ནས། མཐའ་འཁོབ་བཅོས་སྐྱོང་དང་རྩྭ་འདེབས་ལྗང་བསྒྱུར་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་པར་རིས་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན། ཁོས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ལས་འགན་ཧ་ཅང་ལྕི་སྟེ། དུས་ཚོད་དམ་འཛིན་བྱེད་པའི་བསམ་བློ་ཡོད་དགོས་པ་མ་ཟད། རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་སེམས་ཤུགས་བརྟན་པོ་ཡོད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་ན། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་དམ་འཛིན་བྱེད་པའི་སྟེང་མཚོན་པར་བྱེད་པ་དང་། ཁག་ཁུར་སྙིང་སྟོབས་དེ་བཅོས་སྐྱོང་བྱ་བའི་ཁྲོད་མངོན་པར་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། གནས་ཚུལ་དངོས་གཞིར་བཟུང་ནས་བཅོས་སྐྱོང་ཇུས་གཞི་ལེགས་བསྒྱུར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་། གནད་ཕིགས་བཅོས་སྐྱོང་བྱས་ཏེ། ཧུར་ཐག་གིས་མཐོ་སྒང་གི་མཚོ་འཕགས་མཐོ་བའི་ས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་བྱེད་ཐབས་ལམ་བུ་འཚོལ་ཞིབ་བྱེད་དགོས། བཅོས་སྐྱོང་བྱ་བའི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་ན། ཕྱོགས་བསྡུས་ཞིབ་བཤེར་རྩིས་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྦྲེལ་ཐག་ཧྲིལ་བོའི་ཡིག་ཚིགས་དོ་དམ་བཅོས་སྐྱོང་ལ་ཤུགས་བསྣན་ནས། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་དང་ལག་ལེན་གྱི་ཉམས་སད། མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། དར་དང་བྱེ་མ་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་དང་རྒྱུན་བསྲིང་རང་བཞིན་མཐོར་འདེགས་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ། མཁྲེགས་གཏོར་བྱེད་ཕོད་པར་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་ཐད་ནས་འཕྲོ་ལྷག་མི་ལུས་པར་བྱེད་པར་ཁག་ཐེག་བྱེད་དགོས།

མདོ་ལ་རྫོང་བཙུན་མོ་གཞུང་གྲོང་རྡལ་དུ། ཝུའུ་ཞའོ་ཅུན་གྱིས་གྲོང་གསེབ་དར་སྤེལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྡེ་བའི་རྣམ་པ་དང་རང་བྱུང་སྐྱེ་ཁམས། ཞིང་སྡེའི་རིག་གནས་བཅས་བར་ཕན་ཚུན་སྐུལ་འདེད་བྱེད་པ། སྐྱེ་ཁམས་གནས་སྐོར་ས་ཆ་གཙོ་བོ་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་གསར་བརྗེའི་ཐོན་ཁུངས་སྤྱི་སྡོམ་དང་སྔོག་འདོན་བྱེད་པ་དང་། གསར་བརྗེའི་གཏམ་རྒྱུད་བཟང་བོར་བཤད་པ། གསར་བརྗེ་དང་འབྲེལ་བའི་གནས་སྐོར་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་དགོས།

                                                                                                                  རིན་ཆེན་མཚོས་བསྒྱུར།