མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2021.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཡུས་ཚུང་ལི་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་དེ་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ཀྱི་ཞིབ་འཇུག་ལ་ཞབས་འདེགས་ཞུ་བ། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཏང་གི་ལོ་རྒྱུས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རུ་དཔུང་གསར་འཛུགས་སོགས་ཕྱོགས་ཀྱི་གྲུབ་འབྲས་བཟང་ལ་ཁྱད་ཆོས་མངོན་གསལ་ཡིན།

ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་གི་ལོ་རྒྱུས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འཛུབ་སྟོན་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བ་དང་འབྲེལ་བའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་བྱ་བ་དང་འབྲེལ་ཡོད་ཀྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བཟང་བོ་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་ཏན་ཏིག་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བ་དང་གདོང་གཏད་པའི་རྣམ་པ་གསར་བ་དང་ལས་འགན་གསར་བར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་ཏང་གི་ལོ་རྒྱུས་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་གོ་སྐབས་དམ་འཛིན་དང་འབད་འབུངས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བའི་ཐད་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ནས་ཏང་གི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། དྲིལ་སྒྲོག་སློབ་གསོ་དང་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཏང་གི་ལོ་རྒྱུས་བྱ་བ་དེ་ཏང་ཨུའི་སྤྱིའི་བྱ་བའི་འགན་འཁྲིའི་ལམ་ལུགས་ཁྲོད་འདུ་བར་བྱས་ནས་དུས་ལྟར་ཏང་གི་ལོ་རྒྱུས་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ལས་ཁུངས་དང་བྱ་བའི་སྒྲིག་ལུགས། མ་རྩ་སོགས་ཕྱོགས་ཀྱི་གནད་དོན་ཐག་གཅོད་དགོས། ཏང་གི་ལོ་རྒྱུས་ལས་དོན་གཉེར་བའི་ལས་བྱེད་པའི་འཚར་ལོངས་ལ་སེམས་ཁུར་བྱས་ནས་མུ་མཐུད་དུ་མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།

ཚོགས་ཐོག་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་ལོ་རྒྱུས་ཞིབ་འཇུག་ཆེད་མཁས་པའི་མཛོད་ཀྱི་མིང་ཐོ་ཁག་དང་པོ་སྒྲོག་འདོན་བྱས་པ་དང་གདན་ཞུའི་ཡི་གེ་གནང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི་ཁག་བཞི་བར་མིང་བཏགས་པར་མ་ཟད་སྒོ་བྱང་བྱིན། ཞིང་ཆེན་ཏང་ཨུའི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་བྱ་བའི་སྙན་ཞུ་ཕུལ་བ་དང་ས་གནས་སོ་སོའི་ཏང་གི་ལོ་རྒྱུས་བྱ་བའི་འགན་ཁུར་བློ་མཐུན་དང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྲོས་ཚོགས་ལ་ཞུགས།

མི་ཕམ་མགོན་པོས་བསྒྱུར།