ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་བྱ་བའི་གྲོས་ཚོགས་ཀྱི་རྒྱ་སྐྱེད་གྲོས་ཚོགས་དང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཐིན་རིམ་པའི་བྱ་བའི་གྲོས་ཚོགས་ཀྱིས་ཆེད་དོན་བགྲོ་གླེང་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཡུས་ཚོང་ལི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་པ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དོན་བཟང་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོའི་ཆེས་ཆེ་བའི་བདེ་སྐྱིད་ཡིན་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དེའི་ཁྲོད་ནས་མཚོ་སྔོན་གྱི་ཏང་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་གནས་ཐིག་གཏན་ཁེལ་འཚོལ་བ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་དང་ལམ་བུ་ཁོང་དུ་ཆུད་པར་བྱེད་པ། མཛེས་སྡུག་གི་འཚོ་བ་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་ཕྱོགས་སོ་སོའི་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།
ཡུས་ཚོང་ལི་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་ནི་ཞིང་ཆེན་ཏང་ཨུས་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་ཇུས་འདོན་ལག་རོགས་ཡིན་པ་དང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཐད་ནས་ངེས་པར་དུ་མདུན་གྲས་སུ་བསྐྱོད་པ་དང་སྣེ་ཁྲིད་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་གླེང་བའི་ལག་ལེན་གལ་ཆེན་དུ་བསྒྱུར་བ་དང་། ཏང་གི་འགོ་ཁྲིད་ལ་བློ་དཀར་བ་དང་ཏང་གི་ལས་དོན་ལ་བློ་དཀར་བར་བྱས་ནས། སྲུང་སྐྱོབ་གཉིས་འགན་འཁྲི་ལག་བསྟར་བྱེད་པའི་ཕྱོགས་སོ་སོ་རུ་ལག་བསྟར་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་སྒྲུབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་འགུལ་སྐྱོད་དུ་བསྒྱུར་བ་དང་། སྤྱི་ཡོངས་ལ་རྒྱུས་ལོན་ཡང་དག་བྱེད་པ། བྱ་བའི་ཚད་གཞི་མཐོར་འདེགས་གཏོང་བ། ཁག་ཁུར་འབད་འཐབ་བྱས་ཏེ། ལས་རྐང་ལ་རྐང་བཙུགས་ནས་བྱས་རྗེས་མང་པོ་འཇོག་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་བྱང་ཚད་དུ་བསྒྱུར་བ་དང་། བླ་མེད་ཀྱི་རིན་ཐང་འཚོལ་སྙེག་བྱེད་པ་དང་རང་ཉིད་ལ་ལྟ་ཞིབ་བྱེད་པའི་སྙིང་སྟོབས། བདེན་འཚོལ་དངོས་གཉེར་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་མི་བཟང་བོ་བྱེད་པ་དང་བྱ་བ་བསྒྲུབ་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།