ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་བསྡུས།
2021.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས། ཆུ་དང་མཚེའུའི་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་པ་ལས་གཞན། ཁྱོན་ཡོངས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། ཆུ་དང་མཚེའུའི་དོ་དམ་སྲུང་སྐྱོབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཁོངས་མིར་བཏང་བའི་བརྡ་ཐོ་ཞེས་པ་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་སྤྱིའི་ཆུ་དཔོན་དང་མཚོ་དཔོན་གྱི་བཀའ་ཁྱབ་སྒྲོག་འདོན་བྱས། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ཆུ་དང་མཚེའུའི་སྲུང་སྐྱོབ་དོ་དམ་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚུང་ལི་དང་ཁྲིན་རོས་ཧྥུན། ལིག་ཐའོ་བཅས་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་མཚོ་སྔོན་གྱི་བྱ་བར་གཞིགས་ཞིབ་གནང་བ་དེས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རེ་ལྟོས་ཆེན་པོ་བཅངས་ཡོད་ཅིང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་བདེ་ཐང་ཐུགས་ལ་བཅངས་ཡོད་པ་མངོན་པར་ཤེས་ཐུབ་པར་བརྟེན། ངེས་པར་དུ་ཆུ་བཅོས་སྐྱོང་དང་ཆུ་ལ་དོ་དམ་བྱེད་པ། ཆུ་ལ་སྲུང་སྐྱོབ་བྱེད་པ། ཆུ་རྒྱས་པར་བྱེད་པ་བཅས་ཀྱི་ལག་ལེན་དངོས་དང་བྱ་བའི་ཕན་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་ལྟོས་ལ་ཨ་ལན་སྟེར་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས། ངོས་ཟིན་སྔར་ལས་མཐོར་འདེགས་གཏོང་བ་དང་། མཚོ་སྔོན་ནི་ཆུའི་ཐོན་ཁུངས་ལ་བརྟེན་ནས་མིང་དུ་གྲགས་པ་དང་ཆུའི་ཐོན་ཁུངས་ལ་བརྟེན་ནས་མཛེས་ཤིང་སྡུག་པ། ཆུའི་ཐོན་ཁུངས་གཞན་གང་གིས་ཀྱང་ཚབ་བྱེད་མི་རུང་བས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་མཐར་ཕྱིན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་གཏེར་བརྟན་སྲུང་བྱེད་མཁན་གྱི་ཆབ་སྲིད་འོས་འགན་ལྕི་མོ་ཕྲག་སྟེང་དུ་ལེན་པ་བཅས་ལ་འབད་མཐར། རི་ལྗང་ཆུ་དྭངས་ནི་དུས་རྟག་པར་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་འགྱུར་བར་བྱེད་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་བརྩམས་པའི་ལོ་ཡིན་པས། ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་མཐར་ཕྱིན་བྱེད་པ། ཆུའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་གཅུན་སྡོམ་ནུས་པ་འབུར་དུ་ཐོན་པར་བྱེད་པ། ཆུའི་འབག་བཙོག་འགོག་བཅོས་ཀྱི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་འབུར་དུ་ཐོན་པར་བྱེད་པ། ཆུའི་ཁོར་ཡུག་ལེགས་བཅོས་གཏོང་བའི་འགོ་ཁུངས་ཀྱི་འགོག་སྡོམ་བྱ་བ་འབུར་དུ་ཐོན་པར་བྱེད་པ། ཆུའི་སྐྱེ་ཁམས་སླར་གསོའི་རྩ་ལག་མཉམ་བཅོས་ལས་དོན་འབུར་དུ་ཐོན་པར་བྱེད་པ། ཆུའི་ལམ་ལུགས་འཛུགས་སྐྲུན་གྱི་བདེན་གཉེར་དོ་དམ་ནུས་པ་འབུར་དུ་ཐོན་པར་བྱེད་པ་བཅས་ལ་འབད་དེ། ཆུ་དང་མཚེའུའི་དོ་དམ་སྲུང་སྐྱོབ་སྤུས་ཚད་དང་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འོས་འགན་ལྕི་མོ་ཕྲག་སྟེང་དུ་བླངས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།