བདུན་གཅིག་གི་སྔོན་ཏག་ཏག་ལ་ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་།  ཝུའུ་ཞའོ་ཅུན་བཅས་ཀྱིས་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་སོགས་ལ་འཚམས་འདྲི་བྱས།
2021.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་ལ་ཉེ་བའི་སྐབས་འདིར། ཏང་ཀྲུང་དབྱང་གི་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ཞིན་ཁྲང་ཞིང་།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན།    དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དག་གིས་སོ་སོར་རང་ཞིང་གི་ཏང་ནང་ཁུལ་གྱི་བྱས་རྗེས་གཟི་བརྗིད་མཚན་སྙན་ཐོབ་པའི་ཏང་ཡོན་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན།  ཏང་ཡོན་རྒན་པ།   ལས་བྱེད་པ་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི།   གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་རྒན་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་པ་དང་།   ཏང་ནང་ཞུགས་ནས་ལོ་ལྔ་བཅུ་འགོར་ཡོད་པའི་ཏང་ཡོན་རྣམས་ལ་དྲན་གསོའི་རྟགས་མ་བྱིན་པར་མ་ཟད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེས་སེམས་བརྒྱུད་སྤྲོད་བྱས།

ཝང་ཅན་ཅུན་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་སངས་རྒྱས་སྐྱབས་ཀྱི་ཁྱིམ་དུ་སོང་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་གནང་སྐབས་ཞིང་ཆེན་དང་པུའུ་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་རྣམས་ལ་བརྩེ་བའི་འཚམས་འདྲི་བྱས་པ་བརྒྱུད་བསྒྲགས་བྱས་པ་དང་།     ཁོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཁྲོད་བྱས་རྗེས་འབུར་ཐོན་བཞག་པར་བཀའ་དྲིན་ཆེ་ཞུས།    ཝང་ཅན་ཅུན་གྱིས་བཤད་རྒྱུར།    ཁྱེད་ཀྱིས་ལས་གནས་གང་ཡིན་རུང་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་བྱ་བ་འབད་པས་བསྒྲུབས་ལ།   ལས་གནས་དང་བྲལ་རྗེས་ཀྱང་སྔར་བཞིན་རང་སྟོབས་འདོན་སྤེལ་བྱས་ཏེ།  ལོ་དྲུག་ཅུ་ཙམ་གྱི་གསར་བརྗེའི་ལོ་རྒྱུས་དང་།  ཏང་ནང་ཞུགས་ནས་ལོ་ལྔ་བཅུ་ཙམ་གྱི་རིང་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་པ་དང་།  དུས་སྐབས་མི་འདྲ་བ་དང་དུས་རིམ་མི་འདྲ་བའི་ནང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ལ།  ཁྱེད་ཀྱི་ཆབ་སྲིད་རང་རྟོགས་དང་ཆབ་སྲིད་བརྩེ་བ།    ཏང་ལ་བཅངས་པའི་བབ་ཆགས་ཀྱི་བརྩེ་སེམས་བཅས་ནི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།   ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་ལོ་རྒྱུས་བརྒྱུད་མྱོང་བ་དང་།  ཏང་གི་ལོ་རྒྱུས་ནི་ཏང་དང་མི་དམངས་ཀྱིས་གསར་གཏོད་བྱས་པ་ཡིན་ལ།    མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ནི་མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་འཐབ་བྱེད་དགོས་པའི་བརྒྱུད་རིམ་ཞིག་ཡིན།     དུས་རབས་གསར་པར་ཞུགས་པ་དང་།    ལངས་གནས་གསར་པར་འགྲེང་པ།   མཚོ་སྔོན་གསར་པ་འཛུགས་སྐྲུན་བཅས་བྱེད་ན།    ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་དགོས་པར་མ་ཟད།    ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་བྱེད་པ་དང་།     མཚོ་སྔོན་གྱི་རིགས་སོ་སོའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ་མཚོ་སྔོན་སྔར་ལས་འཕེལ་རྒྱས་འབྱུང་བར་བྱེད་པ་དང་།   མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས།    ཝང་ཅན་ཅུན་གྱིས་བློ་མཐུན་རྒན་པ་སངས་རྒྱས་ཀྱི་ལུས་ཕུང་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས།

ཁྱེད་ཀྱི་སྐུ་གཟུགས་བདེ་ཐང་ཡིན་ནམ།  འཚོ་བར་དཀའ་ཁག་ཡོད་དམ།  ཏང་དང་སྲིད་གཞུང་ལ་ད་རུང་བླང་བྱ་ཅི་ཞིག་ཡོད་དམ།    ཝང་ཅན་ཅུན་སྔ་གཞུག་ཏུ་ཏང་ཡོན་པེ་ཆིན་ཡོན་དང་ཐེན་པོ་ལི།   མང་ཚོགས་ཉིག་ཞིག་ཀྲི་བཅས་ཀྱི་ཁྱིམ་དུ་སོང་ནས་།   ཁོ་ཚོའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས།  ཝང་ཅན་ཅུན་གྱིས་ཏང་ནང་ཞུགས་ནས་ལོ་རེ་ལྔ་འགོར་ཡོད་པའི་པེ་ཆིན་ཡོན་ལ་དྲན་གསོའི་རྟགས་མ་བཏགས་པ་དང་།  ཁོ་མོའི་ལག་པར་འཇུས་ཏེ་ཁྱེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་རྗེས་སུ་འབྲངས་པ།  ཏང་གི་ཆེད་དུ་བྱ་བ་འབད་པར་བསྒྲུབས་པ་དེ་ཏང་དང་མི་དམངས་ཀྱིས་བརྗེད་མི་སྲིད་ལ།  ཏང་ཀྲུང་དབྱང་གིས་ཏང་ནང་ཞུགས་ནས་ལོ་ལྔ་བཅུ་འགོར་ཡོད་པའི་ཏང་ཡོན་རྒན་པ་རྣམས་ལ་དྲན་གསོའི་རྟགས་མ་གནང་བ་ནི་ཏང་གིས་རང་གི་བུ་དང་བུ་མོར་ཐུགས་ཁུར་གནང་བ་ཡིན།    ད་ལྟ་ཁྱེད་ཀྱི་ལུས་ཕུང་བདེ་ཐང་ཡོང་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན་པ་དང་།   ལུས་ཕུང་བདེ་ཐང་ཡོང་བ་ནི་ཏང་ལ་ཕུལ་བའི་བྱས་རྗེས་ཡིན་ཟེར།    ཝང་ཅན་ཅུན་གྱིས་བློ་མཐུན་ཐེན་པོ་ལི་ཡིས་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱང་སྒེར་སེམས་མེད་པར་དུས་ཡུན་རིང་པོའི་ནང་གཞིས་ཁུལ་ཀྱི་མང་ཚོགས་དག་ལ་ཏང་གི་སློབ་ཁྲིད་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་།    ཁོས་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་མོ་བཏོན་ཏེ་གུང་ཁྲན་ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་གཟེངས་བསྟོད་བྱས་ལ།    ཁོས་མུ་མཐུད་དུ་མང་ཚོགས་ཀྱི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།   ཏང་གི་འབོད་སྐུལ་དང་འདོད་ཚུལ་མང་ཚོགས་ཀྱི་རང་འགུལ་འགུལ་སྐྱོད་དུ་བསྒྱུར་དགོས་པའི་སྐུལ་མ་བཏང་།    ཝང་ཅན་ཅུན་གྱིས་ཉིག་ཞིག་ཀྲི་ཡི་ལུས་སྟོབས་བཟང་བ་དང་བུ་ཕྲུག་ལ་སྲི་ཞུ་ལྡན་པ།  ཁྱིམ་ཚང་བདེ་སྐྱིད་ལྡན་པའི་གནས་ཚུལ་མཐོང་རྗེས་སེམས་ལ་དགའ་སྤྲོའི་ཁེངས་པ་དང་།   ཁོ་མོར་དེང་སྐབས་རྒྱལ་ཁབ་ལ་ལོ་རེ་ནས་ལོ་རེར་འགྱུར་ལྡོག་གསར་པ་འབྱུང་བཞིན་ཡོད་པ་དང་།  མི་དམངས་ཀྱི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ།   ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་རྗེས་འཕེལ་རྒྱས་སྔར་ལས་མགྱོགས་པ་དང་།  འཚོ་བ་སྔར་ལས་སྐྱིད་པོ་ཡོང་ངེས་ཡིན་ལ།   ཁོ་མོས་ལུས་པོར་གཅེས་སྤྲས་དང་ཚེ་མཇུག་སྐྱིད་པོ་ཞིག་རོལ་དགོས་པའི་བཅོལ་གདམས་བྱས།

ཞིན་ཁྲང་ཞིང་སྔ་གཞུག་ཏུ་ཏང་ཡོན་རྒན་པ་ཁྲིན་དབྱི་དང་།   སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཝང་ཆིན་ཧྲན།   ཏང་ནང་གི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཝང་ཧའེ་ཐའོ་བཅས་ཀྱི་ཁྱིམ་དུ་སོང་ནས་ཁོ་ཚོར་འཚམས་འདྲི་བྱས་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་བྱས།    ལོ་གྱ་གཅིག་ཡིན་པའི་ཏང་ཡོན་རྒན་པ་ཁྲིན་དབྱི་ཡི་ཁྱིམ་དུ།  ཞིན་ཁྲང་ཞིང་གིས་ཁོ་མོར་དྲན་གསོའི་རྟགས་མ་བཏགས་པ་དང་།   འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས།   ཁྲིན་དབྱི་ནི་དུས་ཡུན་རིང་བོར་སློབ་དེབ་རྩོམ་འབྲིའི་བྱ་བ་སྒྲུབ་པའི་སློབ་གསོ་བ་རྒན་པ་ཞིག་ཡིན་པ་ཤེས་རྗེས།  ཞིན་ཁྲང་ཞིང་གིས་སློབ་དེབ་ནི་སློབ་གསོ་སྤེལ་བའི་གཞི་རྩའི་བསྲུང་བྱ་ཡིན་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་དེབ་རྩོམ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ།   དེའི་སྔོན་ཆེད་དུ་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་པ་དག་ལ་འཕྲིན་ལན་བསྐུར་ནས་རེ་བ་ནན་མོ་བཏོན་མྱོང་ཞེས་བཤད།   ཞིན་ཁྲང་ཞིང་གིས་ཁྲིན་དབྱི་ལ།  ཁྱེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མཚན་སྙན་དང་ཁེ་ཕན་མི་བསམ་པར་སློབ་གསོ་བྱ་བའི་ཁྲོད་དུ་ཆེས་རྨང་གཞི་དང་ཆེས་གལ་ཆེ་བ།   ཆེས་རྩ་བའི་བྱ་བ་གལ་ཆེན་བསྒྲུབས་ཏེ་ཏང་གི་སློབ་གསོའི་ལས་དོན་གྱི་ཆེད་དུ་མི་ཚེ་གང་བོར་འབད་འཐབ་བྱས་པ་ཡིན།   ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་ལ་ཉེ་བའི་སྐབས་སུ་ང་ཚོས་ཁྱེད་ལ་བརྩེ་བའི་ངང་འཚམས་འདྲི་དང་།    ཁྱེད་ཀྱི་ལུས་ཕུང་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།    ཞིན་ཁྲང་ཞིང་གིས་འབྲེལ་སྡེ་ཁག་གིས་ཏང་ཡོན་རྒན་པའི་འཚོ་བར་དོ་ཁུར་བྱེད་དགོས་པ་དང་།    ཁོ་ཚོའི་དངོས་ཡོད་དཀའ་གནད་ཐག་གཅོད་རོགས་བྱེད་དགོས་པའི་བཅོལ་གདམས་བྱས།   ཞིན་ཁྲང་ཞིང་གིས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དག་གི་འཚོ་བའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།    སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཝང་ཆིན་ཧྲན་གྱིས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་བཟང་བ་དང་།    ཀྲུང་གོ་གུང་ཁྲན་ཏང་ལ་བཀའ་དྲིན་ཚད་མེད་ཞུ་བ་ཐོས་རྗེས།   ཞིན་ཁྲང་ཞིང་སེམས་བདེ་བར་གྱུར་ནས་དགའ་སྤྲོ་ཆེན་པོ་སྐྱེས།     ཁོས་བཤད་རྒྱུར།    ཁྱེད་ཚོའི་མི་རབས་གོང་མ་དག་གིས་ཏང་དང་མི་དམངས་ཀྱི་ལས་དོན་གྱི་ཆེད་དུ་དཔའ་ངར་ཆེད་བསྐྱེད་ཀྱིས་རང་སྲོག་བློས་བཏང་བ་དང་།    དེས་ཀྲུང་གོ་གུང་ཁྲན་ཏང་མིའི་ཆོད་སེམས་བརྟན་པོ་དང་དམིགས་འབེན་ལག་བསྟར་བྱེད་ཕོད་པ།    དཀའ་སྤྱད་ཀྱིས་བྱས་རྗེས་འཇོག་པ།    དག་གཙང་སྤྱི་གཞོལ་གྱི་བླ་མེད་གཤིས་རྒྱུད་དང་བླ་མེད་སྙིང་སྟོབས་མངོན་པར་བྱས་ཡོད་པ་དང་།   .

ཁྱེད་ཚོས་ཁོ་ཚོའི་སྙིང་སྟོབས་དར་སྤེལ་དང་འཚོ་བར་བཀོད་སྒྲིག་བཟང་བོ་བྱེད་པ་དང་།   ལུས་ཕུང་ལ་གཅེས་སྤྲས་བྱས་ཏེ་བྱེད་ཐབས་ཆེས་ལེགས་པོས་སྔོན་གཤེགས་དཔའ་བོར་སེམས་གསོ་ཞུ་རྒྱུ་ནི་རེ་བ་ཡིན་ཟེར།    ཞིན་ཁྲང་ཞིང་གིས་འབྲེལ་ཡོད་སྡེ་ཁག་གིས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དག་གི་འཚོ་བར་དོ་ཁུར་ཆེན་པོ་བྱས་ཏེ།   བརྩེ་སེམས་དང་འགན་འཁྲི་ཁྱེར་ནས་རོགས་སྐྱོར་སྲིད་ཇུས་སོ་སོ་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།    ཝང་ཧེ་ཐའོ་ཡི་ཁྱིམ་དུ།  ཞིན་ཁྲང་ཞིང་གིས་ཁྱེད་ཀྱིས་ཡུས་ཧྲུའུ་ས་འགུལ་དང་ཝུན་ཁྲོན་ས་འགུལ།   ཡ་ཨན་ས་འགུལ་སོགས་རང་བྱུང་གནོད་འཚེའི་སྐབས་བསྟུན་རོགས་སྐྱོར་བྱ་བའི་དཔྱད་ཞིབ་བརྒྱུད་མྱོང་བ་དང་།   ཐེངས་རེ་རེར་རང་སྲོག་ལ་མི་འཛེམ་པར་གནོད་འཚེའི་མདུན་དུ་བསྐྱོད་ནས་བྱས་རྗེས་འབུར་ཐོན་བཞག་པ་དང་།    ཏང་ཡོན་གྱི་འདུ་ཤེས་དང་ཏང་ཡོན་གྱི་ཚད་གཞི་མངོན་པར་བྱས་ཡོད་ལ།  ཁྱེད་ཀྱིས་གཟི་བརྗིད་ལ་གཅེས་སྤྲས་དང་གྲུབ་འབྲས་དར་སྤེལ་བཏང་སྟེ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།    ང་ཚོས་ཁྱེད་དང་ཕུལ་བྱུང་ཏང་ཡོན་རྣམས་ལ་སློབ་སྦྱོང་བྱས་ཏེ།  སྤྱི་ཚོགས་ཡོངས་སུ་སྔོན་ཐོན་བསྟེན་པ་དང་སྔོན་ཐོན་གྱི་རྗེས་སུ་འབྲངས་པའི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་།   མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་པའི་སྟོབས་ཤུགས་གཅིག་སྡུད་བྱེད་ངེས་ཡིན་ཟེར།

ཝུའུ་ཞའོ་ཅུན་གྱིས་སོ་སོར་བློ་མཐུན་རྒན་པ་ཡེའོ་ཞང་ཁྲིན་དང་།    ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་སུན་ཀྲི་ནཱ།    སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཁྲིན་ཡུས་ལན།   དཀའ་ཁག་ཡོད་པའི་ཏང་ཡོན་ལིས་ཀུའེ་ལན་བཅས་ལ་འཚམས་འདྲི་བྱས་པ་དང་།     ཁོ་ཚོའི་འཚོ་བ་དང་ལུས་ཕུང་གི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད།   ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ།   ཡེའོ་ཞང་ཁྲིན་གྱི་ཁྱིམ་དུ། ཝུའུ་ཞའོ་ཅུན་གྱིས་བློ་མཐུན་རྒན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་དང་།   ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བྱས་རྗེས་འབུར་ཐོན་བཞག་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད།    བློ་མཐུན་རྒན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་ཉན།    ཡེའོ་ཞང་ཁྲིན་དང་ལིས་ཀུའེ་ལན་གྱི་ཁྱིམ་དུ་།  ཝུའུ་ཞའོ་ཅུན་གྱིས་ཁོ་ཚོར་དྲན་གསོའི་རྟགས་མ་བྱིན་པ་དང་།   ཏང་ཀྲུང་དབྱང་གིས་ཁྱེད་ཚོར་དྲན་གསོའི་རྟགས་མ་གནང་བ་ནི་ཏང་ཡོན་རྒན་པ་དག་གིས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བར་བྱེད་པའི་གཟེངས་བསྟོད་ཡག་ཤོས་ཡིན་ཟེར།   སུན་ཀྲི་ནཱ་དང་ཁྲིན་ཡུས་ལན་གྱི་ཁྱིམ་དུ།  ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།  གནད་འགག་གི་དུས་སྐབས་དང་ཉེན་ཁར་ཐུག་པའི་དུས་སུ།   ཁྱེད་དང་ཁྱེད་ཚོའི་ཁྱིམ་མི་དག་གིས་རང་སྲོག་བློས་བཏང་སྟེ་སྒེར་སེམས་མེད་པར་བྱས་རྗེས་བཞག་པས། ཏང་དང་སྲིད་གཞུང་གིས་ཁྱེད་ཚོར་བཀའ་དྲིན་ཞུ་བཞིན་ཡོད།   ལིས་ཀུའེ་ལན་གྱི་ཁྱིམ་དུ།    ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་ཉར་ཏེ་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་གནད་ཐག་གཅོད་རོགས་བྱེད་བཞིན་ཡོད་ཟེར།

བསྟུད་མར་ཉིན་འགའི་རིང་ལ།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ།   ལིས་ཅེ་ཞང་།     ཝང་ཡུས་ཡན།   ཡུས་ཚུང་ལི།  མཱ་ཅི་ཞའོ།    དབྱིན་པའེ།   ཁྲིན་རུའེ་ཧྥིན།   ལིག་ཀུ་ཕིང་།    ཝང་ལིས་མིང་བཅས་ཀྱིས་སོ་སོར་ཏང་ནང་གི་གཟི་བརྗིད་མཚན་སྙན་ཐོབ་པའི་ཏང་ཡོན་ཏུང་ཧྲུའུ་མའེ་དང་ལུའུ་ཧུང་དབྱིན།   ཁྲིན་ཧྥིན་ལེན།    ཡན་ཀའོ་ཀྲུའུ།    མཱ་ཅན་མིང་།  སུན་ལན་བཅས་དང་།    འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་ལིས་ཧུའེ་ཧྥུའུ་དང་ལིས་ཅི་ལེ།   ལིས་ཧྥུའུ་ཁྲིན།    ཞེ་ཅ་ཆིང་།  དབྱི་ཁང་མེང་།    ཝང་ཀུའེ་ཧོང་།   ཡོན་ཕིང་།   ལུའུ་ལིན་ཀྲིན་བཅས་དང་།  ཏང་ཡོན་རྒན་པ་དང་ལས་བྱེད་རྒན་པ་ལུའུ་ཞིན་ཀའོ་དང་ལ་པིན་ལིས།   དབྱང་ཅིན་ཧྥུའུ།     ལིས་ཧྲིན་ཆི།   ཧྥང་ཀྲིན་ཚེ།   མཱ་ཞའོ་ཧྥེ།    ཏུའུ་པའོ་ཞང་།    ཝང་ཞོན་ཞང་བཅས་དང་།   སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཀྲང་ཡུས་ཧྥང་དང་དབྱང་ཧྥིན་ཀྲིན།   ལིག་ཀུའེ་ཧྥང་།   ཀྲང་ཚུའེ་ཀྲི་བཅས་དང་།   གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པ་རྒན་པའི་ཁྱིམ་མི་ཀའོ་ཧྲིན་ཧྭ་དང་ལི་ཅིན།   ཁྲང་ཧུའེ་ལི།   ལིས་ཡུས་ལན་བཅས་ལ་འཚམས་འདྲི་བྱས་པའམ་ཡང་ན་འཚམས་འདྲི་བྱེད་པར་མངགས་བཅོལ་བྱས།  འཚམས་འདྲི་བྱེད་སྐབས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་བརྩེ་སེམས་བསྐྱལ་བ་དང་།  ཁོ་ཚོ་ལ་བརྩེ་བའི་འཚམས་འདྲི་དང་གུས་སེམས་བསྟན་པར་མ་ཟད།   ཏང་ནང་དུ་ཞུགས་ནས་ལོ་ལྔ་བཅུ་འགོར་བའི་ཏང་ཡོན་རྒན་པ་དག་ལ་དྲན་གསོའི་རྟགས་མ་བྱིན་པ་དང་།  ཁོ་ཚོའི་འཚོ་བ་དང་བྱ་བ།  ཁྱིམ་ཚང་གི་གནས་ཚུལ་ཞིབ་འདྲི་བྱས་ལ།  ཁོ་ཚོར་རང་གི་ལུས་ཕུང་ལ་གཅེས་སྤྲས་བྱེད་དགོས་པའི་བཅོལ་གདམས་བྱས་པར་མ་ཟད།  ཁོ་ཚོ་དང་མཉམ་དུ་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་།  མཚོ་སྔོན་གྱི་མཛེས་པའི་མ་འོངས་པར་འཆར་འགོད་བྱས།

                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།