ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འཕྲིན་ཡིག་བསྐུར་ནས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་འཐབ་ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོ་ན་དཀའ་སྤྱད་འབད་འཐབ་བྱེད་པའི་གུང་ཁྲན་ཏང་ཡོན། དུས་སྐབས་སོ་སོ་རུ་ཏང་དང་མི་དམངས་ཀྱི་ཆེད་དུ་དཀའ་སྤྱད་སྒོས་བྱ་བ་བསྒྲུབས་པའི་ཏང་ཡོན་རྒན་པ་དང་བློ་མཐུན་རྒན་པ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས།
འཕྲིན་ཡིག་ནང་དུ་བསྟན་དོན། མཚོ་སྔོན་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་ཅིང་སྤོབས་པ་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་པ་དང་། ནུས་པ་ཆེན་པོ་བཏོན་པ་དང་བྱས་རྗེས་མངོན་གསལ་བཞག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནན་ཏན་སྒོས་ལག་ལེན་བྱས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་ཞིང་རང་རྟོན་བཞི་ཇེ་བརྟན་དུ་བཏང་བ་དང་། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་པར་མ་ཟད། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། སྤོབས་པ་ཆེར་བསྐྱེད་དང་གསར་གཏོད་བརྩོན་ལེན་བྱས་ནས། སྟོབས་ལྡན་འཐབ་འཛིང་གི་མཁར་རྫོང་རེ་རེ་གསར་བཟོ་བྱས་པ་དང་གྲུབ་འབྲས་རེ་རེ་གསར་སྐྲུན་བྱས་ལ། ཐུན་མོང་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་པ་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། བརྒྱུད་རིམ་ཀྱག་ཀྱོག་ཡིན་ཞིང་དཀའ་ཚེགས་ཆེ་བ་དང་། གྲུབ་འབྲས་ཐོབ་པ་ལས་སླ་མོ་ཞིག་མིན། དེང་སྐབས། ཞིང་ཆེན་ཡོངས་སུ་བསྡོམས་པས་གཞི་རིམ་ཏང་རྩ་འཛུགས་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད་པ་དང་གུང་ཁྲན་ཏང་ཡོན་འབུམ་བཞི་དང་ཁྲི་གཉིས་སྟོང་ལྔ་སུམ་བརྒྱ་ཡོད་ལ། ཏང་གི་གཅིག་བསྡུས་སྟོབས་ཤུགས་དང་འཐབ་འཛིང་སྟོབས་ཤུགས་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད།
ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འབད་འཐབ་འཆར་འགོད་བཟོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་མགོ་བརྩམས་པ་དང་དུས་རབས་གསར་བར་འབད་འཐབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། གསར་གཏོད་གསར་སྐྲུན་དང་ཁག་ཁུར་དངོས་སྒྲུབ་བྱེད་པ་དང་། འཐབ་འཛིང་མཁར་རྫོང་དང་གདོང་ལེན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། དུས་རབས་ཀྱི་རྒྱུན་འཛིན་མཁན་བཟང་བོ་བྱེད་པ་དང་མདུན་སྐྱོད་ཀྱི་གཙོ་ཤུགས་དམག་དཔུང་བཟང་བོ་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། དཀའ་སྤྱད་འབད་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་བྱ་བ་ཧུར་ཐག་གིས་སྒྲུབ་དགོས།