མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་རུ་སོང་ནས་རོགས་སྐྱོར་མཉམ་ལས་ཐད་གྲོས་མོལ་བྱས།
2021.07.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རོགས་སྐྱོར་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགོ་ཚུགས་ས་གསར་བའི་སྟེང་རོགས་སྐྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བརྗེ་རེས་གཏིང་ཟབ་དང་གྲོས་མོལ་སྦྲེལ་མཐུད་བྱས།

ཚེས་བདུན་ཉིན་གྱི་ཕྱི་དྲོར། ཅང་སུའུ་དང་མཚོ་སྔོན་གྱི་རོགས་སྐྱོར་མཉམ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་ནན་ཅིན་ནས་ཚོགས། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོའུ་ཆིན་ཅན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཀྲིན་ལུང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་བྱ་བ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ལོའུ་ཆིན་ཅན་གྱིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ལ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ལ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་གསོན་ཤུགས་ལྡན་པའི་མཚོ་སྔོན་དང་མི་སེམས་ཕྱོགས་སའི་མཛེས་སྡུག་གི་མཚོ་སྔོན། མི་དམངས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་མཚོ་སྔོན་འཐབ་ལམ་གསར་བར་ཁྲིད། གྲུབ་འབྲས་དེ་དག་གིས་ང་ཚོ་ཏང་གི་ཐོག་མཐའ་བར་གསུམ་གྱི་དམིགས་འབེན་འགན་འཁྲི་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད་པ་དང་། ཅང་སུའུ་མི་དམངས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཆིན་ཅན་གྱིས་བཤད་རྒྱུར། ཅང་སུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཡི་ལྟ་ཞིབ་བྱེད་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ལ། སྟོབས་ལྡན་འབྱོར་ཕྱུག་དང་མཛེས་སྡུག་སྤུས་ལེགས་ཀྱི་ཅང་སུའུ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་རྒྱུགས་ལན་བཟང་བོ་སྤྲད། ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ལ་ལྟ་ཞིབ་མཛད་སྐབས། རང་ཞིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། མིག་དཔེ་དང་དཔེ་སྟོན་བྱེད་པ་དང་མདུན་གྲས་སུ་བསྐྱོད་པའི་འགན་འཁྲི་གསར་བ་བསྩལ་བ་དང་། ང་ཚོས་ཁྱོན་ཡོངས་ནས་ལག་བསྟར་དམ་འཛིན་བྱེད་བཞིན་པའི་སྒང་ཡིན་ཟེར། 

ལོའུ་ཆིན་ཅན་གྱིས་བསྟན་དོན། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་བ་དང་། གནད་འགག་ནི་ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་བསྒྲུབ་རྒྱུ་དེ་ཡིན། འཐབ་ལམ་གསར་བའི་སྟེང་། ང་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་ཞིང་ཆེན་གཉིས་ཀྱིས་ཁྱོན་ཡོངས་ཀྱི་ཁ་གཏད་མཉམ་ལས་འབྲེལ་བ་འཛུགས་པའི་སྐོར་གྱི་བླང་བྱ་གསར་བ་ལག་བསྟར་བྱེད་པ། གཞོགས་འདེགས་མཉམ་ལས་སྲ་བརྟན་དུ་བཏང་སྟེ། མཉམ་དུ་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བར་བསྐྱོད་དགོས། གཅིག་ནས་ཀྲུང་དབྱང་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་པའི་ཇུས་ཆོད་ཀྱི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་སོ་སོའི་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས། གཞི་ཁྱོན་རང་བཞིན་ལྡན་པའི་སྒོ་ནས་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་དགོས། གཉིས་ནས་དུས་རིམ་གསར་བའི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་ལས་འགན་བླང་བྱར་རྒྱུས་ལོན་བྱེད་པ་དང་། ཁྱོན་ཡོངས་རོགས་སྐྱོར་བྱ་བར་འཆར་འགོད་བྱེད་པ། བཞི་ཅན་མཉམ་འགྲོས་ཆོས་ཉིད་ལྟར། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བཏང་སྟེ། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གཏོང་དགོས། གསུམ་ནས་ཁྱོན་ཡོངས་མཉམ་ལས་ཀྱི་འགན་འཁྲི་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་གྱི་འཛམ་གླིང་རང་བཞིན་གྱི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པར་དམིགས་ནས། ཚན་རྩལ་དང་སྨན་བཅོས། སློབ་གསོ། ཤེས་ལྡན་མི་སྣ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པིའ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཅང་སུའུ་ཞིང་ཆེན་གྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་རང་རྒྱལ་གྱིས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཧྭའི་ས་གཞིའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་དང་ཀྲུང་གོའི་གཟི་བརྗིད་ཡིན་ལ། ཅང་སུའུ་ཡི་གཟི་བརྗིད་དང་མཚོ་སྔོན་གྱི་གཟི་བརྗིད་ཡིན་པ་དང་། མཚོ་སྔོན་གྱི་གཟི་བརྗིད་ཐད་ནས་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་ཅང་སུའུ་ཡི་སྟོབས་ཤུགས་དང་ཅང་སུའུ་ཡི་གཟི་བརྗིད་འདུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་ལན་དང་ཏང་ཀྲུང་དབྱང་གི་དྲིན་ལན་བརྗེད་མི་སྲིད་ལ། ཅང་སུའུ་ཞིང་ཆེན་དང་ཅང་སུའུ་མི་དམངས་ཀྱི་དྲིན་ལན་ཡང་ཡིད་ལ་དམ་པོར་འཛིན་ངེས། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ལོར་ང་ཚོས་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བླ་མེད་གཟི་བརྗིད་ལོངས་སྤྱོད་བྱེད་པ་དང་། ཏང་གི་ལོ་བརྒྱའི་རྒྱུད་རིམ་ནང་ཅང་སུའུ་ཡི་རྐང་རྗེས་ཟབ་མོ་ཡོད་ལ། དེ་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་ཅང་སུའུ་ཡི་བྱས་རྗེས་ཁྲོད་བྲིས་ཡོད་པ་དང་། དེ་ཚང་མ་དམར་པོའི་མཛེས་ལྗོངས་ཡིན་ལ། གསར་བརྗེའི་སློབ་གསོ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་སྐྱེད་སྲིང་བྱས་ལ། ང་ཚོས་ཏང་དང་མི་དམངས་ལ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པའི་སྒུལ་ཤུགས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོར། ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱ་ཉམས་མྱོང་བཟང་བོ་སློབ་སྦྱོང་བྱེད་དགོས། རོགས་སྐྱོར་མཉམ་ལས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་། ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། སྦྲེལ་མཐུད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཅང་སུའུ་ཡིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་བྱེད་པ། མཉམ་དུ་ཅང་སུའུ་དང་མཚོ་སྔོན་མཉམ་ལས་ཀྱི་ལག་བསྟར་གྲོས་གཞི་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་འཆར་འགོད་ཀྱི་མི་ཟིན་བཟང་བོ་བཀོད་དེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།