ཟླ་བདུན་པའི་ཚེས་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལས་འགན་དངོས་འབེབས་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ཟི་ལིང་ནས་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། ད་ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ཞིང་ཆེན་ཁོངས་གཏོགས་དངུལ་འདོན་ཁེ་ལས་བཅས་ཀྱིས་ལས་འགན་དང་འགན་འཁྲི་གཏན་འཁེལ་ཞིབ་མོ་བྱས་ཤིང་། གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་པ་དང་མཐུན་སྦྱོར་ལ་ཡིད་འཇོག་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་བཅོས་སྒྱུར་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
ཚོགས་ཐོག་ནས་ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ཞིང་ཆེན་ཁོངས་གཏོགས་ཀྱི་དངུལ་འདོན་ཁེ་ལས་ཀྱིས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞིའི་ལས་འགན་དང་རེ་བར་གཤིབ་སྡུར་བྱས་ཏེ། འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་ཞན་ཆ་ཁ་གསབ་དང་མི་འདང་ས་ཇེ་ལེགས་སུ་བཏང་ནས། བཅོས་སྒྱུར་བྱེད་ཐབས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་དགོས། གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བསམ་ཕྱོགས་ལ་བརྟེན་ནས་བཅོས་སྒྱུར་བྱེད་ཐབས་རྒྱུན་མཐུད་སྒོས་ཟབ་སྤེལ་བྱེད་དགོས། ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་བཏང་ནས་རྒྱུན་མཐུད་སྒོས་རྒྱལ་དབང་མ་རྩའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་པ་དང་ལས་འགན་གཏན་འཁེལ་གསལ་བོ་བྱས་ནས། བཅོས་སྒྱུར་ལས་འགན་ཁྱོངས་ཡོངས་ནས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། འགན་འཁྲིའི་ཁག་ཁུར་ལ་ཤུགས་བསྣན་ནས། དངོས་འབེབས་བྱ་བ་གཙོར་འཛིན་པ་དང་ཕན་འབྲས་ངོ་མ་ཐོབ་པར་བརྩོན་ལེན་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས་བརྟན་བརླིང་སྒོས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས། ཆ་རྐྱེན་བཟང་བོ་གསར་སྐྲུན་བྱས་ཏེ། ཕན་འབྲས་མཐོ་བའི་སྒོ་ནས་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས། སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་པ་དང་ཁེ་ལས་ཀྱིས་སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པར་སྐུལ་མ་བཏང་ནས། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ད་དུང་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དམ་འཛིན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་མི་འབྱུང་བ་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།