ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་ནས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཆན་ཀྲི་མེན་དང་བཞུགས་མོལ་བྱས།
2021.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་ནས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཆན་ཀྲི་མེན་དང་བཞུགས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆན་ཀྲི་མེན་སོགས་རང་ཞིང་དུ་ཡོང་བར་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་གནང་སྟེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་ས་བཞི་འཛུགས་སྐྲུན་བྱེད་པའི་རེ་བ་གལ་ཆེན་བཏོན་པ་དང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་གསར་སྐྲུན་བྱེད་བཞིན་ཡོད། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་འཕེལ་རྒྱས་ཀྱི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དེ་ལས་འགན་གལ་ཆེན་དུ་བརྩིས་ཏེ། དུས་ཐོག་ཏུ་རྗེས་མཐུད་ཞིབ་འཇུག་བྱས་ཤིང་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱས་པ་དང་། ཕན་འབྲས་མངོན་གསལ་ཐོབ་པའི་བྱ་བ་གང་མང་བསྒྲུབས་པ་དེ་ལས་ཀྲུང་དབྱང་ཁེ་ལས་ཀྱི་ཚད་མཐོ་བའི་ཆབ་སྲིད་འདུ་ཤེས་དང་ཤུགས་ཆེ་བའི་འགན་འཁྲི་དང་ལས་འགན་མཚོན་པར་བྱས་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། མཚོ་སྔོན་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་བར་དུ་མཉམ་ལས་བར་སྟོང་རྒྱ་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་མཐོང་རྒྱ་ཇེ་ཡངས་སུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱེད་པ། ཁྱད་སྟོབས་ཁ་གསབ་དང་ལག་རྡང་སྦྲེལ་ཏེ་མཉམ་ལས་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཉམ་དུ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་དོན། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱིས་རྣམ་པ་གསར་བའི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཐད་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན། མཚོ་སྔོན་ནི་དག་གཙང་ནུས་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པས་དག་གཙང་ནུས་ཁུངས་ཕྱོགས་སུ་གཞན་དང་མི་མཚུངས་པའི་ཁྱད་སྟོབས་ལྡན། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི་ལ་དག་གཙང་ནུས་ཁུངས་གསར་སྤེལ་དང་དེ་མིན་གསོག་ནུས་དང་ཆིན་ནུས་ལག་རྩལ་ཞིབ་བཟོ་སོགས་ཁྱབ་ཁོངས་མང་པོ་རུ་ཁྱད་སྟོབས་མངོན་གསལ་ལྡན་ལ། མཚོ་སྔོན་ས་ཁུལ་གྱི་ཐོན་ལས་བཀོད་སྒྲིག་རྨང་གཞི་བརྟན་ཞིང་ཁྱབ་ཁོངས་རྒྱ་ཆེ་བ་དང་ཐོན་ལས་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཐཱན་རྩེར་སོན་གྱི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ་དང་། སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་མཉམ་ལས་བྱས་ནས། མཚོ་སྔོན་དག་གཙང་ནུས་ཁུངས་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཆན་ཀྲི་མེན་གྱིས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་འཕེལ་རྒྱས་ཁྱད་ཆོས་དང་མ་འོངས་པའི་འཐབ་ཇུས་བཀོད་སྒྲིག་མཚམས་སྦྱོར་བྱས། ཁོས་བཤད་དོན། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བར་གཞན་དང་མི་མཚུངས་པའི་ཁྱད་སྟོབས་ལྡན་པས། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་གསར་སྐྲུན་བྱེད་པའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ། རང་སྟེང་གི་ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་ཁྱབ་ཁོངས་སོ་སོ་རུ་མཉམ་ལས་བཟང་བོ་བྱེད་ངེས་ཡིན་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་པ་ལིས་ཅེ་ཞང་དང་ཡུས་ཚོང་ལི། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་སྤྱི་གཉེར་བ་ཅང་དབྱི་བཅས་བཞུགས་མོལ་ལ་ཞུགས།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།