ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྡུས་པ་དང་ཝང་ཅན་ཅུན་སོགས་སློབ་སྦྱོང་ལ་ཞུགས།
2021.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་འབད་འཐབ་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེན་གྲུབ་འབྲས་ཕྱིར་དྲན་བྱས་ཤིང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་རྟོགས་པར་བྱས་པ་དང་། ཏང་གི་ལོ་རྒྱུས་ཉམས་མྱོང་དང་དུས་རབས་འགན་འཁྲི་རྒྱུན་འཛིན་བྱས་པར་མ་ཟད། སློབ་སྦྱོང་དང་བསམ་གཞིགས་གཏོང་བ་དང་ ཤེས་རྟོགས་དང་ལག་ལེན་ཁྲོད་དུ་ལོ་རྒྱུས་བསླབས་ནས་ལོ་རྒྱུས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་བསྐྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞོ་ཅུན་བཅས་སློབ་སྦྱོང་ལ་ཞུགས།

ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཝང་ཅན་ཅུན་གྱིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཝང་ཅན་ཅུན་གྱིས་ཆེད་དོན་བགྲོ་གླེང་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་དཔེ་ཀློག་འཛིན་གྲྭའི་སྤྱི་སྡོམ་གཏམ་བཤད་སྤེལ།

འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་། ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་ཐེངས་འདིའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་ནི་རང་ཞིང་གིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པའི་ནང་གི་གཏན་འཁེལ་བྱས་པའི་འགུལ་སྟངས་ཤིག་ཡིན་ལ། ཏང་ཀྲུང་དབྱང་གི་རེ་བ་ལག་བསྟར་བྱེད་པའི་བྱེ་བྲག་བྱེད་ཐབས་ཤིག་ཡིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་ཟེར། ཁོས་བསྟན་དོན། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ནི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་བཟང་བོ་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བཟང་བོ་བྱེད་སྐབས་གུང་ཁྲན་ཏང་མིའི་སྙིང་སྟོབས་མཐོ་ས་བརྟན་སྲུང་བཟང་བོ་བྱེད་དགོས། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་རླབས་ཆེ་ཞིང་འོད་སྟོང་འབར་བའི་ནང་དོན་ཁག་ཅིག་ཡིན་པས། སོང་མྱོང་བའི་ལམ་བུ་མི་བརྗེད་པ་དང་རྐང་འོག་གི་ལམ་བུ་ལྟ་ཡག་བྱེད་དགོས་ལ། མདུན་སྐྱོད་ཀྱི་ལམ་བུ་ཇེ་བརྟན་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་མར་ཁེ་སི་རིང་ལུགས་ཀྱིས་ཅིའི་ཕྱིར་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་བཅས་ཀྱི་ཡུན་རིང་བསླབ་གཞི་ལན་བཟང་བོ་ཞིག་འདེབས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ་མ་འོངས་པ་གསར་སྐྲུན་བྱེད་པའི་འབོད་བརྡ་ཞིག་ཡིན་པས། སློབ་སྦྱོང་དང་བསམ་གཞིགས་གཏོང་བ་དང་བཀོལ་སྤྱོད་བཅས་མཉམ་བསྲེས་བྱེད་པ་དང་རྟོགས་པ་དང་ཡིད་ཆེས། ལག་ལེན་བཅས་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་འབོད་སྐད་དང་དུ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་སྐབས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་གསར་བའི་སྟེང་དུ་མཚོ་སྔོན་གྱིས་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཆེད་དོན་བགྲོ་གླེང་ཚོགས་འདུའི་སྟེང་། ཡུས་ཚོང་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ཤེས་རྟོགས་བྱུང་། ཞིན་ཁྲང་ཞིང་དང་རྡོ་རྗེ་རབ་བརྟན། ཝུའུ་ཞོ་ཅུན། ཀྲང་ཀོང་རོང་། མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཝང་ཡུས་ཡན། ཡུས་ཚོང་ལི། མ་ཅི་ཞོ། ཁྲིན་རོས་ཧྥིན། མ་ཝེ། ཏུའུ་ཅེ་བཅས་ཀྱིས་སྔ་གཞུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ལྟེ་གནས་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་བཅུ་བའི་ཚན་གཙོ་གཞོན་པ་ཧྲིན་ཁྲོན་པོ་དང་མཛུབ་སྟོན་ཚན་ཁག་གི་ཁོངས་མི་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་ཐད་ལ་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི་ང་ཚོས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གཞི་རྩའི་བསྲུང་བྱ་ཡིན། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉི་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གཅིག་གྱུར་བྱས་ཏེ། སློབ་སྦྱོང་གྲུབ་འབྲས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་རང་རྟོགས་སུ་སྒྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་སྒྱུར་དགོས་ལ། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པའི་བསམ་ཕྱོགས་བྱེད་ཐབས་སུ་སྒྱུར་བ་དང་། མུ་རི་གཏེར་ཁུལ་དང་དེ་མིན་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་ཕྱོགས་བསྡུས་དག་ཐེར་བཅོས་སྒྱུར་གྱི་དངོས་ཡོད་གྲུབ་འབྲས་སུ་སྒྱུར་དགོས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཚད་མཐོ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་ལ་བརྟེན་ཏེ་མུ་མཐུད་དུ་སློབ་སྲོལ་བཟང་བོ་དང་དར་སྲོལ་བཟང་བོ། སྤྱོད་ཚུལ་བཟང་བོ་སྲུང་འཛིན་དང་དར་སྤེལ་བྱེད་པ་དང་། སློབ་སྦྱོང་བཟང་བོ་བྱས་ནས་རྒྱུན་མཐུད་སྒོས་ལག་ལེན་བྱེད་དགོས་ཟེར།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་གསོ་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་བཅས་སློབ་སྦྱོང་ལ་ཞུགས།

སློབ་སྦྱོང་སྐབས་སུ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་མཚོ་སྔོན་རྡུལ་ཕྲན་གྲོང་ཁྱེར་གྱི་དྲན་གསོའི་ཁང་དང་ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་ཞིབ་བཟོ་རྟེན་གཞི་གནས་རྙིང་དང་པོ་རུ་ལྟ་སྐོར་བྱས།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།