སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།
2021.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྟེ་བསྟན་དོན། ང་ཚོའི་ཏང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་འཛིན་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པར་མ་ཟད། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་མཐོ་ཚད་ནས། ཚན་རིག་དང་མཐུན་པར་དུས་རབས་གསར་བའི་མི་རིགས་བྱ་བས་དར་ཆ་གང་ཞིག་བསྒྲེང་དགོས་པ་དང་ལམ་གང་དུ་བསྐྱོད་པ་སོགས་གནད་དོན་གལ་ཆེན་ཐད་ལ་ལན་བཏབས་པ་དང་། རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་ལྕག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པར་སྙམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཚེ། ཏང་གི་མི་རིགས་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད། བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་འདུ་ཤེས་ནན་གྱིས་བསྟན་ཏེ། གཅིག་ཤུལ་གཅིག་འཛིན་དང་བབ་བསྟུན་མདུན་སྐྱོད་བྱས་པ་དང་། ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་ལག་བསྟར་བྱས་པས། ཏང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆགས་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིས་དགོངས་པ་གལ་ཆེན་དེ་ངེས་པར་དུ་བཅུ་གཉིས་ནང་དུ་རགས་བསྡུས་བྱས་ཡོད་པར་མ་ཟད། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལས་ལོ་བརྒྱར་ཕྱིར་ལྟ་བྱས་པ་དང་མ་འོངས་པར་རྒྱང་ལྟ་བྱས་པ། དགོངས་དོན་གཏིང་ཟབ་པ་ནི་ཏང་གི་མི་རིགས་བྱ་བའི་རིགས་གཞུང་དང་ལག་ལེན་གྱི་བློ་གྲོས་དང་ཉིང་བཅུད་ཡིན་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་བསྲུང་བྱ་ཡིན་པར་སྙམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་ནི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་གཞི་རྩའི་ཆབ་སྲིད་ཁག་ཐེག་ཡིན། ཏང་གི་མགོ་ཁྲིད་དེ་མི་རིགས་བྱ་བའི་བརྒྱུད་རིམ་ཡོངས་དང་སྦྲེལ་ཏེ། གཞི་རིམ་མི་རིགས་བྱ་བའི་སྒྲིག་གཞི་འཛུགས་སྐྲུན་དང་མི་རིགས་བྱ་བའི་སྟོབས་ཤུགས་ལ་ཤུགས་སྣོན་པ་དང་། མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་གཞི་རིམ་དུ་ཀུན་གྱིས་གསལ་བོར་རྟོགས་པ་དང་མི་རིགས་བྱ་བ་གཞི་རིམ་དུ་ལག་བསྟར་བྱེད་མཁན་ཡོད་པ་འགན་སྲུང་བྱེད་དགོས། རིགས་སོ་སོའི་ལས་བྱེད་པས་གཅིག་གྱུར་སྒོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་རང་ཉིད་ཀྱིས་ཕྲག་ཏུ་བབས་པའི་འགན་འཁྲི་གསལ་བོར་རྟོགས་པས། རྒྱལ་ཁབ་ཀྱི་ལས་དོན་ཆེན་པོ་ཡིད་ལ་དམ་པོར་བཅངས་ཤིང་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་པ་དང་། རིགས་སོ་སོའི་སྤུན་ཟླར་སྣེ་ཁྲིད་བྱས་ཏེ་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་ངེས་ཡིན་ཟེར།

                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།