ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
2021.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་སོང་ནས། ཙོང་ཆུ་བཅོས་སྐྱོང་དང་ཆུ་དཔོན་ལམ་ལུགས་བྱ་བ་དང་། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་གཏོང་སྟངས་གསར་བ་འཛུགས་པ། གསོན་ཤུགས་ལྡན་པའི་སྒོ་ནས་ལས་གཉེར་ལས་སྐྲུན་བྱས་ཏེ། མཚོ་ཤར་འཆར་འགོད་ཀྱི་ལེའུ་གསར་བ་འབྲི་དགོས།

ཙོང་ཆུ་དང་དབྱིན་ཧྲིན་ལུང་བ། ཀང་ཙི་ལུང་བ་བཅས་ཀྱི་འདྲེས་མཚམས་སུ་ཡོད་པའི་མཚོ་ཤར་ཆུ་གསུམ་བརླན་སའི་སྤྱི་གླིང་དུ། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་བཅོས་སྐྱོང་སྔོན་གྱི་རྣམ་པ་དང་ད་ཡོད་གནས་བབ་ཀྱི་ཞིབ་སྡུར་པར་རིས་ལ་ཞིབ་སྡུར་བྱས་པ་དང་། ཆུ་བཙོག་བཟོ་འགོག་བཅོས་དང་འགྲམ་ངོགས་ཀྱི་ཆུ་བཙོག་འདོན་བྱེད་སའི་རྟོག་སེལ་བཅོས་སྐྱོང་། ཆུ་དཔོན་ལམ་ལུགས་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། རྟོག་ཞིབ་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ། ཆུ་དཔོན་ལམ་ལུགས་ལ་བརྟེན་ནས་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས། བརླན་ས་སྤྱི་གླིང་གི་རྗེས་མཐུད་དོ་དམ་ལ་ཤུགས་སྣོན་པ་དང་། ཀུང་ཟི་ཅན་གྱི་འཁོར་རྒྱུག་དང་ཚོང་ར་ཅན་གྱི་ཉོ་སྒྲུབ་ཞབས་ཞུ་ལག་བསྟར་བྱེད་པ། ཆུའི་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། རྒྱུན་རྣམ་ཅན་གྱི་དོམ་མ་ལག་གྲུབ་པར་བྱེད་དགོས། རིམ་པ་སོ་སོའི་ཆུ་དཔོན་ཉིན་རྒྱུན་དུ་ཡུལ་དངོས་སུ་སོང་ནས་སྐོར་ཞིབ་དང་ལྟ་སྲུང་། ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། དུས་ཐོག་ཏུ་གནད་དོན་འཚོལ་བ་དང་གནད་དོན་ཐག་བཅད་དེ། ཆུ་དཔོན་ལམ་ལུགས་ཀྱི་བྱ་བ་ལག་བསྟར་ནན་མོ་བྱེད་དགོས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་མཚོ་ཤར་གྲོང་ཁྱེར་འཆར་འགོད་འགྲེམ་སྟོན་ཁང་དུ་སོང་ནས། འབྲེལ་ཡོད་འགྲེམ་སྟོན་ཚོམས་ཁང་ལ་བལྟས་བ་དང་། གྲོང་ཁྱེར་གྱི་སྤྱི་ཁོག་གི་འཆར་འགོད་དང་དཀྱིལ་སྙིང་གྲོང་ཁྱེར་ཁུལ་གྱི་འཆར་འགོད་སོགས་གྲོང་ཁྱེར་འཕེལ་རྒྱས་འཆར་འགོད་ཀྱི་ངོ་སྤྲོད་ལ་ཉན། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ཤར་འཕེལ་རྒྱས་ཐད་རེ་བ་ཟབ་མོ་བཅངས་ཡོད་པས། འཆར་འགོད་ནན་མོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་དང་གཏན་ཁེལ་ཁ་ཕྱོགས། གྲངས་ཚད་གཏན་ཁེལ། བཟོ་དབྱིབས་གཏན་ཁེལ། སྣང་བརྙན་གཏན་ཁེལ་ལ་འཆར་འགོད་བཟང་བོ་བྱེད་དགོས། གནས་ཐིག་གཏན་ཁེལ་ཡང་དག་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ས་བཞི་འཛུགས་སྐྲུན་གྱི་བླང་བྱ་གལ་ཆེན་ལག་བསྟར་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་ནན་སྟོན་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་པའི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ། རྨ་ཙོང་བུ་དང་བུ་མོའི་དཀའ་སྤྱད་འབད་བརྩོན་ལས་བསྡུས་པའི་མཚོ་ཤར་སྙིང་སྟོབས་དར་སྤེལ་གཏོང་བའི་ལག་ལེན་ཁྲོད་གནས་ཐིག་གཏན་ཁེལ་འཚོལ་བ་དང་གྲུབ་འབྲས་མངོན་པར་བྱེད་དགོས། དངོས་སུ་གྲངས་ཚད་གཏན་ཁེལ་བྱེད་པ་དང་། གྲོང་ཁྱེར་གྱི་གནས་ཚུལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩིས་ཐོ་ཞིབ་རྩིས་གསལ་བོ་བྱེད་པ། གྲོང་ཁྱེར་ཁུལ་ཁོངས་དང་ཞིང་སྡེ་ཁུལ་ཁོངས། སྐྱེ་ཁམས་ཁུལ་ཁོངས་དབྱེ་འབྱེད་གསལ་བོ་བྱས་ནས། ཐེངས་གསུམ་གྱི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལུགས་མཐུན་སྒོས་བཟོ་དབྱིབས་གཏན་ཁེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་མིག་རྒྱ་སྤྱད་དེ་གྲོང་ཁྱེར་གྱི་ཤོང་ཚད་ཚད་ལེན་ཞིབ་རྩིས་བྱེད་པ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། གྲོང་ཁྱེར་གྱི་སྲ་ཆས་རྨང་གཞི་འཛུགས་སྐྲུན་དང་མཉེན་ཆས་རྨང་གཞི་འཛུགས་སྐྲུན་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། གྲོང་ཁྱེར་གྱི་ནང་ཁུལ་དང་ཕྱི་རོལ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས། རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་སྐབས་ཀྱི་རིམས་ནད་འགོག་བཅོས་དང་བདེ་འཇགས་འགོག་སྲུང་སོགས་བྱ་བ་དམ་འཛིན་བྱེད་པའི་ཐད་ནས་རེ་བ་བཏོན།

ཡུས་ཚོང་ལི་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།