མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2021.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་དོན་གཅིག་པ་བསྡུས་ནས། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། འབྲེལ་ཡོད་བྱ་བའི་རེ་བ་བཏོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། དུས་རབས་གསར་བའི་མི་རིགས་བྱ་བའི་མཛུབ་སྟོན་དགོངས་པ་དང་རྩ་དོན་གལ་ཆེན། བྱ་བའི་གཙོ་གནད། འཕེལ་རྒྱས་ཀྱི་དམིགས་འབེན་སོགས་ནང་དོན་གཙོ་བོར་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། མི་རིགས་བྱ་བའི་ཆབ་སྲིད་རང་བཞིན་དང་སྤྱི་ཡོངས་རང་བཞིན། དུས་རབས་རང་བཞིན། ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཏང་ཀྲུང་དབྱང་གི་མི་རིགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དམིགས་སུ་འཛིན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། འབྲེལ་ཡོད་ཁྲིམས་སྲོལ་གཏན་ཁེལ་འཐུས་ཚང་དུ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་བ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྲིམས་སྤྱོད་ཞིབ་བཤེར་བྱེད་ཤུགས་ལ་ཤུགས་སྣོན་པ། གྲངས་ཉུང་མི་རིགས་འཐུས་མི་དང་རང་སྐྱོང་ས་གནས་ཀྱི་འཐུས་མི་བྱ་བ་བཟང་བོར་བསྒྲུབ་པ། མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་སྟེ། རང་ཞིང་གི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པ། ལྟ་སྐུལ་གྱི་མཉམ་ཤུགས་འདོན་སྤེལ་བྱེད་པ། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་ལུགས་སྤྱད་དེ་དབང་ཆ་དང་བྱ་བ། མི་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ཁག་ཁུར་ལག་བསྟར་ནན་མོ་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆ་ལག་བསྟར་བྱེད་པའི་བྱེད་ཐབས་འགའི་གྲོས་གཞི་ལ་གྲོས་མོལ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་གྲོས་གཞི་གྲོས་དོན་དང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།