ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས།
2021.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།

དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་གྲོས་ཚོགས་ཚོགས་འགོ་བརྩམས་པ་དང་། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་རྒྱལ་གླུ་བླངས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཙུགས་པའི་ལོ་ངོ་བདུན་ཅུའི་རིང་། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ལ། ཐོག་མཐའ་བར་གསུམ་དུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་བླངས་ལ། བདེན་ལུགས་འཚོལ་སྙེག་དང་དད་སེམས་བརྟན་སྲུང་བྱས་པ་དང་། བབ་བསྟུན་མདུན་སྐྱོད་དང་བདེན་འཛིན་གསར་གཏོད་བྱས་ལ། སློབ་ཁྲིད་ཡར་ཐོན་དང་ནང་དོན་མཐོར་འདེགས་བྱས་པ་དང་། བསམ་བློ་ཆབ་སྲིད་གཞུང་ལུགས་འཛུགས་སྐྲུན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ། ལྷག་པར་དུ་དུས་རབས་གསར་བར་ཞུགས་རྗེས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཏང་གི་སློབ་གྲྭའི་སློབ་གསོའི་སློབ་ཚན་གཙོ་བོ་རུ་བྱས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོན་དང་སློབ་གསོ་ལས་བྱེད་པར་དྲག་ཆས་སྤྲས་ནས། ཏང་གི་སློབ་གྲྭའི་བྱ་བ་སྣ་ཚོགས་ཀྱི་རྣམ་པ་གསར་བ་བཏོད་པ་དང་། མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཏང་གི་སློབ་གྲྭའི་ལེའུ་བྲིས།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་ཆེད་དུ་འབད་འཐབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སྐྱོང་རྒྱུ་ནི་ཏང་གི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་འགན་འཁྲི་རླབས་ཆེན་ཡིན་ལ། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་ནི་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཡུན་རིང་གི་བརྗོད་དོན་ཡིན། སློབ་སྦྱོང་ཐད་ནས་ཆབ་སྲིད་གླེང་དགོས། ཏང་གི་སློབ་གྲྭ་ནི་གསར་བརྗེའི་སློབ་གྲྭ་ཡིན་པ་དང་། སློབ་སྦྱོང་གླེང་ན་ད་གཟོད་ཆབ་སྲིད་བཟང་བོར་གླེང་ཐུབ་པ་དང་། དེང་རབས་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་སློབ་སྦྱོང་བཟང་བོ་བྱས་ན་ད་གཟོད་དུས་རབས་གསར་བའི་ཆབ་སྲིད་གླེང་ཐུབ་ལ། གཞུང་ལུགས་དང་གནས་ཚུལ་དངོས་གཉིས་འབྲེལ་འདྲིས་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ན་ད་གཟོད་ཆབ་སྲིད་གླེང་བའི་ཐད་ནས་གྲུབ་འབྲས་ལེན་ཐུབ། ཆབ་སྲིད་གླེང་བའི་རྣམ་འགྱུར་བཟུང་ནས་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གི་ནུས་པར་བརྟེན་ནས་ཆབ་སྲིད་གླེང་ནས། སློབ་སྦྱོང་དང་ཆབ་སྲིད་གླེང་བ་དེ་ཏང་གི་སློབ་གྲྭའི་རྒྱུན་རྣམ་དུ་འགྱུར་བར་བྱེད་པ་དང་། ཆབ་སྲིད་སློབ་སྦྱོང་ལ་དོ་སྣང་བྱེད་རྒྱུ་དེ་ཏང་གི་སློབ་གྲྭའི་དར་སྲོལ་དུ་འགྱུར་བར་བྱེད་དགོས། ཏང་གི་སློབ་གྲྭས་ཆབ་སྲིད་གླེང་བ་དེ་མཇུག་མཐར་ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་བྱ་བའི་ཁྲོད་མངོན་པར་བྱེད་དགོས། ཆབ་སྲིད་གླེང་ཕོད་པའི་རྣམ་འགྱུར་དང་ཆབ་སྲིད་གླེང་བར་མཁས་པའི་ནུས་པ། ཆབ་སྲིད་གླེང་ཤེས་པའི་རིག་སྟོབས་ཁག་ཁུར་ཡོད་དགོས་པ་དང་། རང་རྟོགས་སྒོས་རིག་གཞུང་སྤྱད་དེ་ཆབ་སྲིད་གླེང་བའི་ཐད་ཀྱི་ལག་བསྟར་བ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲིལ་སྒྲོག་པ་བྱེད་དགོས། འཚོ་བའི་ཐད་ནས་ཆབ་སྲིད་གླེང་དགོས། ཏང་གི་སློབ་གྲྭ་ནི་སློབ་སྦྱོང་བྱེད་སའི་ས་ཆ་ཡིན་ལ། འཚོ་བ་རོལ་སའི་ས་ཆ་ཡང་ཡིན། སེམས་ཆུང་བྱེད་པ་དང་གྲོགས་བཟང་བོ་སྒྲིག་པ། གཏམ་སྤྱོད་ཁྲོད་ཆབ་སྲིད་ཡོད་པ་དང་དགའ་ཕྱོགས་ཁྲོད་རང་གཤིས་ཡོད་པ། གྲོགས་སྒྲིག་ཁྲོད་ཏང་གཤིས་ཡོད་པ་ཡིད་ལ་དམ་པོར་འཛིན་དགོས། ཆབ་སྲིད་ནི་འཚོ་བའི་ཆེས་མཐོ་བའི་སྤྱི་སྡོམ་ཡིན་པ་དང་། འཚོ་བ་ནི་ཆབ་སྲིད་ཀྱི་མཚོན་བྱེད་གཙོ་བོ་ཡིན་པས། དུས་ནམ་ཡང་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་སྔོན་དུ་འཇོག་དགོས།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭས་སློབ་སྒྲུབ་སློབ་སྐྱོང་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་གླེང་བའི་ནང་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། དུས་ནམ་ཡང་ཏང་གི་སློབ་གྲྭ་ཏང་ལ་གཏོགས་པའི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། སློབ་སྒྲུབ་སློབ་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་བཏང་སྟེ། བློ་དཀར་སྤྱོད་གཙང་དང་ཁག་ཁུར་ལྡན་པའི་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ཕྱོགས་སོ་སོས་སྔར་བཞིན་དུ་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་དཀའ་ཁག་དངོས་ཐག་གཅོད་པར་རོགས་བྱས་ནས། མཉམ་དུ་དུས་རབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གཉིས་ཀྱིས་སོ་སོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་མཚོ་སྔན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཏང་གི་སློབ་གྲྭ་ཏང་ལ་གཏོགས་པ་དེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་དོ་དམ་ཞབས་ཞུའི་བྱ་བ་སྣ་ཚོགས་ཁྲོད་ཁྱབ་པར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོན་པོ་དང་འགན་འཁྲི་ཁག་ཁུར་སྔར་ལས་བརྟན་པོ། བྱ་བའི་བྱེད་ཐབས་སྔར་ལས་བཟང་བོས་ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཆབ་སྲིད་ཀྱི་གསོ་སྦྱོང་འབུར་དུ་ཐོན་པར་བྱེད་པ། ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་གཏོང་བ། སློབ་གླིང་གི་འགན་ནུས་ལག་བསྟར་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅ་ཚའེ་དང་ཡུས་ཚུང་ལི། མཱ་ཝེ། ཏུའུ་ཅེ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྔོན་དུ། ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་འབུར་ཐོན་བྱས་རྗེས་ཀྱི་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་མི་སྣ་དང་འབུར་ཐོན་བྱས་རྗེས་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ། དགེ་རྒན་གྱི་འཐུས་ཚབ་མི་སྣ། ཏང་གི་སློབ་གྲྭའི་སློབ་མའི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད།

གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཁྲོད་གྲོལ།

རིན་ཆེན་མཚོས་བསྒྱུར།