ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཆེད་དོན་ལྟ་སྐུལ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2021.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཆེད་དོན་ལྟ་སྐུལ་བྱ་བའི་སྐུལ་སྤེལ་གྲོས་ཚོས་བསྡུས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དཔྱིས་ཕྱིན་པ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཆེད་དོན་ལྟ་སྐུལ་བྱ་བ་གཏིང་ཟབ་ཏུ་སྤེལ།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིན་པའི་ཚན་རིག་གི་གོ་དོན་དང་དགོངས་དོན་ནང་དོན་གཙོ་བོ། ལག་ལེན་གྱི་རེ་བར་རྒྱུས་ལོན་གསལ་བོ་བྱེད་པ་དང་། འགན་འཁྲི་གཏན་ཁེལ་བརྟན་སྲུང་བྱེད་པ། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ལྟ་སྐུལ་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་དང་མཛེས་སྡུག་གི་འཛམ་གླིང་གི་མཚོ་སྔོན་གྱི་དཔེ་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་ཤུགས་གསུམ་རྒྱུན་མི་ཆད་པར་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ལ་དོ་སྣང་བྱེད་པ་དང་། གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆེད་བསྐོས་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ནས། རིམ་པ་སོ་སོའི་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པར་སྐུལ་འདེད་གཏོང་དགོས། མ་ལག་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཉམ་ལས་ལྟ་སྐུལ་གྱི་ནུས་པ་མཐོར་འདེགས་གཏོང་བ། གོང་འོག་དང་ཕྱི་ནང་མཉམ་འབྲེལ་དང་འཕྲེད་གཞུང་སྦྲེལ་མཐུད་མཉམ་ལས་ཀྱི་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཕྱི་ནང་མཉམ་འབྲེལ་བརྗེ་རེས་ཀྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། རྩ་ལག་མཉམ་བཅོས་ཇེ་ཟབ་ཏུ་སྤེལ་བ་དང་། ལྟ་སྐུལ་འགན་སྲུང་ལག་བསྟར་ཤུགས་ཆེར་བྱེད་པ། ཆད་གཅོད་དང་བཅོས་སྐྱོང་། འགོག་སྲུང་གི་རྩོད་སྒྲུབ་གཅིག་གྱུར་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ། རྩད་ཞིབ་དང་དམ་ཟབ་ལམ་ལུགས་དང་རེ་བ་ནན་མོ་འདོན་པ། སློབ་གསོ་ནན་མོ་གཏོང་བ་བཅས་ཟུང་འབྲེལ་བྱས་ཏེ། གྱོད་གཞི་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་གྱོད་གཞི་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།