མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཞིབ་དག་དང་དག་ཐེར་ལེགས་བཅོས་དུས་རིམ་གྱི་ཆེད་དོན་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཞིབ་དག་དང་དག་ཐེར་ལེགས་བཅོས་དུས་རིམ་གྱི་ཆེད་དོན་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་པ་དང་། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། བྱ་བའི་རེ་བ་བཏོན་ལ། ཐུན་མོང་གི་གྲོས་མོལ་བསྡུས།

ཝང་ཅན་ཅུན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། དུས་རབས་གསར་བའི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་དང་རང་ཉིད་གསར་བརྗེ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གི་ཤུགས་ཡོད་མཛུབ་ཁྲིད་འོག སློབ་གསོ་དག་ཐེར་བྱ་བ་བདེ་བླག་ངང་སྤེལ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ལྟ་སྟངས་བཟང་བོ་འཛིན་པ་དང་། ང་རྒྱལ་དང་ཁེངས་དྲགས་སྐྱེས་མི་རུང་ལ། དེའི་ཐད་གནས་པའི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་ནན་མོ་བྱེད་པའི་ཐད་ནས་ལྷོད་གཡེང་དང་སྟེས་དབང་གི་བསམ་པ་མེད་པར་བྱེད་པ། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གི་དམ་དུ་དམིགས་པ་བདུན་གྱི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་ཐད་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ནི་དོན་ཆེན་དང་དོན་དག་གལ་ཆེན། དོན་དངོས་ཡིན་ལ། དོན་ཆེན་ཆུང་བར་བསྒྲུབ་མི་རུང་བ་དང་དོན་དག་གལ་ཆེན་བཟང་བོར་བསྒྲུབ་པ། དོན་དངོས་དམ་འཛིན་བྱེད་དགོས། ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་། གནད་དོན་ལ་རྒྱུས་ལོན་བྱེད་རྒྱུ་ནི་སློབ་གསོ་དག་ཐེར་གྱི་གནད་དོན་གཙོ་བོ་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ངོས་འཛིན་བྱེད་པ་དང་། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ། བསམ་བློའི་ངོས་ཟིན་གྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་། སློབ་གསོ་དག་ཐེར་ནི་སློབ་སྦྱོང་བྱེད་པའི་སློབ་གསོ་དང་སྤྱོད་ཚུལ་དག་ཐེར་བྱེད་པ་དེ་ཡིན་ལ། གནད་དོན་དེ་སློབ་སྦྱོང་བྱས་ཚད་མི་འདང་བ་དང་འབྲེལ་བ་ཡོད་པ་དང་། གནད་དོན་ཐག་གཅོད་ན་སློབ་སྦྱོང་ཁྲོད་ལན་འཚོལ་བ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སློབ་གསོ་དག་ཐེར་གྱི་སྲིད་ཇུས་ཡིག་ཆ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ། སློབ་སྦྱོང་ཅི་འདྲའི་ནན་མོ་བྱས་ན་ལས་རིགས་ཀྱི་སྒྲིག་ལམ་བརྩི་སྲུང་དེ་ལས་བཟང་བོ་བྱེད་ཐུབ་པ་དང་། སློབ་གསོ་དག་ཐེར་གྱི་ཉམས་སད་དེ་ལས་ཀྱང་ཐེག་ཐུབ། རང་འགུལ་གྱིས་ལྟ་ཞིབ་བྱེད་པ་དང་། སློབ་གསོ་དག་ཐེར་ནི་ནང་སེམས་ལ་ལྟ་ཞིབ་བྱེད་པ་དང་རང་ཉིད་གསར་བརྗེ་བྱེད་པའི་གོ་སྐབས་གལ་ཆེན་ཡིན་པས། ངེས་པར་དུ་གཅེས་སྤྲས་བྱེད་པ་དང་། དོགས་འཆར་མེད་པར་བྱེད་པ། ཁུར་བོ་རྒྱབ་ཏུ་བསྐྱུར་ནས། རང་བཤེར་ལྷོད་མོ་བྱེད་པ་དང་བརྟག་བཤེར་ནན་མོ་བྱེད་པའི་སྲིད་ཇུས་ཐད་ཀྱི་བསམ་ཤེས་བྱེད་པ་དང། རང་ཉིང་ཀྱི་བསམ་བློ་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་ཡོང་བར་བྱེད་དགོས། ཞིབ་བཤེར་གནད་ལ་འཁེལ་བ་བྱེད་པ་དང་ཐག་གཅོད་པའི་ཐད་ནས་ཤུགས་སྔར་ལས་ཆེན་པོ་འདོན་པ། ཁྲིམས་དང་ཞུ་གཏུག་དང་འབྲེལ་བའི་འཕྲིན་བཅར་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ། ཆེད་དོན་ཚན་ཆུང་དང་རྐྱེན་སྲོལ་འཛུགས་པ། ཇུས་གཞི་གཏན་འབེབས་དང་རྒྱུད་རིམ་ཚད་ལྡན་དུ་བསྒྱུར་བ། རྩིས་ཐོ་འཛུགས་པ་བཅས་བྱས་ཏེ། འཕྲིན་བཅར་གྱི་གནད་དོན་རེ་རེ་ཐག་གཅོད་པའི་ཁྲོད་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་དགོས། སྐུལ་སྤེལ་ལ་སྔར་ལས་ཤུགས་སྣོན་པ་དང་། རྩ་འཛུགས་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། རང་འགུལ་གྱིས་ཕྱིར་བལྟ་བྱེད་པའི་བྱ་བ་སྤེལ་བ། བྱ་བ་རེ་རེ་བཟང་བོར་བསྒྲུབ་པ། བཟང་བ་སྲ་བརྟན་དུ་གཏོང་བ། བར་ཁྱད་ཡོད་པར་ཁ་གསབ་བྱེད་པ། རེ་བ་ཡོད་པར་དུས་བཀག་བྱས་ནས་བསྒྲུབ་སྟེ། སློབ་གསོ་དག་ཐེར་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།