མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཆུང་དུ་གཏོང་བ་དང་ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས།
2021.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཆུང་དུ་གཏོང་བ་དང་ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཆུང་ཏུ་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཆུང་དུ་གཏོང་བ་དང་ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཆུང་དུ་གཏོང་བ་དང་ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་བྱ་བར་ཧ་ཅང་དོ་སྣང་བྱེད་ཀྱིན་ཡོད་པས། ང་ཚོ་ངེས་པར་དུ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་བའི་མཐོ་ཚད་དུ་འགྲེང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་སུ་གཏོང་བ་དང་བཙོག་ཆུ་ཉུང་འདོན་བྱེད་པ། སྤྱི་དང་བྱེ་བྲག ཡུན་ཐུང་དང་ཡུན་འབྲིང་རིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཤུགས་ཡོད་པ་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཟན་གྲོན་ཉུང་གཏོང་གི་བྱ་བ་སྤེལ་བ། ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཚན་རིག་དང་མཐུན་པའི་གནས་ཐིག་གཏན་ཁེལ་དང་མཚོ་སྔོན་ལ་བསྩལ་བའི་གོ་གནས་སྔར་ལས་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། རང་ཞིང་གི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་ཐོན་ལས་གྲུབ་ཚུལ་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱེད་པ། མིག་སྔའི་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་གི་མདུན་དུ་ལྷགས་པའི་གནས་བབ་དང་གནད་དོན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱེད་པ། མ་ལག་བསམ་བློ་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་དྲུག་དང་འགན་སྲུང་དྲུག སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དེ་ཞིབ་འཇུག་བྱེད་ས་གཙོ་བོར་བྱེད་པ། འདོན་སྤྲོད་དགོས་མཁོའི་ཟུར་ངོས་ནས་གནད་དོན་ཐག་གཅོད་པ། ཚན་རིག་གི་རྣམ་འགྱུར་གྱིས་ཚན་རིག་གི་བྱ་བར་ལྟ་སྟངས་བཟང་བོ་འཛིན་པ། སྲིད་སྐྱོང་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་གིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་ མུན་འཐོམས་ཡོ་བསྲང་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། སྤྱི་ཡོངས་ནས་ཆབ་སྲིད་ཀྱི་རྩིས་གསལ་བོ་རྒྱག་པ་དང་སྤྱིའི་གྲངས་ཚད་སྟེང་ནས་དཔལ་འབྱོར་གྱི་རྩིས་གསལ་བོ་རྒྱག་པ། བྱས་རྗེས་ཀྱི་སྟེང་ནས་དམངས་ཚིས་ཀྱི་རྩིས་གསལ་བོ་རྒྱག་པ། གཅིག་གྱུར་འཆར་འགོད་བྱེད་པ་དང་མཉམ་ལས་སྒོས་སྤེལ་ནས། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་བྱ་བ་བདེ་བླག་ངང་སྤེལ་བ་དང་དུས་བཀག་ལྟར་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། གནད་ཕིགས་ལ་དོ་སྣང་བྱེད་པ་དང་སྦས་ཤུགས་སྔོག་འདོན་བྱེད་པ། རིང་ཐུང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས། གོ་རིམ་ལྡན་པའི་སྒོ་ནས་སྲིད་ཇུས་སྤྱོད་པ། རིགས་བགར་ནས་མཛུབ་ཁྲིད་བྱེད་པའི་བྱེད་ཐབས་བཀོལ་ནས། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་དང་ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་དམིགས་འབེན་ཡོངས་འགྲུབ་བྱས་ཏེ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་དང་། ཚད་མཐོ་གཉིས་ཀྱི་ལས་གཞི་རང་དགར་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་དང་ཡུས་ཚོང་ལི་གཉིས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།