ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཆོད་དོན་གྲོས་སྡུར་མ་ཟིན་སྐོར་གྱི་གསལ་བཤད། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཆོད་དོན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བའི་སྐོར་གྱི་ཆོད་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི། བརྒྱ་ལོ་གཉིས་ཀྱི་བསྣོལ་མཚམས་ཀྱི་གནད་འགག་དུས་སྐབས་སུ་བསྡུས་པའི་གསར་སྐྲུན་རང་བཞིན་དང་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་སྙན་ཞུ་ཡིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བ་གཙོ་བོར་ཁྱོན་ཡོངས་ནས་ཕྱིར་བལྟ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་སྤྱི་སྡོམ་བྱས་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་དོན་བྲིས་ཆེན་པོ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཞིབ་བྲིས་རི་མོ། རྒྱུགས་ལེན་གསར་པར་ཞུགས་པའི་ལམ་གྱི་དྲོད་འཇལ་ཡོ་བྱད། ཁྱོན་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་འཐུས་ཚང་དུ་གཏོང་བའི་ལེ་ཚན་རེའུ་མིག བཅོས་སྐྱོང་མ་ལག་སྲ་བརྟན་དང་མཐོར་འདེགས་གཏོང་བའི་རྒྱུགས་ལན་བཟང་པོ། ཏང་ཡོངས་ཀྱི་མིག་དཔེ་རུ་བྱེད་པའི་ལངས་གནས་པར་རིས་བཅས་དང་། གཙོ་འཛིན་གྱི་སྣེ་ཁྲིད་ནུས་པ་དང་ཉམས་འགྱུར་མངོན་པར་བྱེད་པའི་སྙན་ཞུ་བཟང་པོ་ཡིན། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཆོད་དོན་གྱིས་བདེན་ལུགས་ཀྱི་སྟོབས་ཤུགས་མཚོན་པར་བྱས་ཡོད་པ་དང་ཕུགས་འདུན་གྱི་འོད་ཟེར་འཕྲོ་བར་བྱས་ཡོད་ལ། འབད་འཐབ་ཀྱི་རྔུལ་ཆུ་གཅིག་ཏུ་བསྡུས་ཤིང་འོད་སྟོང་འབར་བའི་མ་འོངས་ཁྱབ་བསྒྲགས་བྱས་ཡོད་པ་དང་། བསམ་བློའི་འདུས་ཚད་དང་ཤེས་བྱའི་འདུས་ཚད་ཕུན་སུམ་ཚོགས་ལ། ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། དེ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཛིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་་མ་འོངས་གསར་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡིན། ཆོད་དོན་གྱི་ཆེས་གལ་ཆེ་བའི་གྲུབ་འབྲས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པར་བསྟན་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཆོང་བསྐྱོད་གསར་པ་མངོན་འགྱུར་བྱས་པ་དང་། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་ཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་ཁེལ་བྱས་པ་དེས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་མཚོན་པར་བྱས་པ་དང་། དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་དེ་ཡིན། ཆོད་དོན་གྱི་ཆེས་མངོན་གསལ་གྱི་ཁྱད་ཆོས་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སྐོར་གྱི་ངོས་ཟིན་གསར་པ་མཚོན་པར་བྱས་པ་དང་། ང་ཚོའི་ཏང་གིས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཐད་ཀྱི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་བ་དེ་ཡིན། ཆོད་དོན་གྱི་ལོ་རྒྱུས་ཀྱི་དོན་སྙིང་དང་མངོན་སུམ་གྱི་དོན་སྙིང་ནི། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བའི་ཐད་ཁྱོན་ཡོངས་ཀྱི་བསམ་བློ་དང་གཞུང་ལུགས། རྩ་འཛུགས་ཀྱི་གྲ་སྒྲིག་བཟང་པོ་བྱས་པ་དེ་ཡིན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་དྲིལ་སྒྲོག་བཟང་པོ། ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བའི་རང་རྟོགས་དང་།རང་རྟོན་བཞི་ཇེ་བརྟན་དུ་གཏོང་བའི་རང་འགུལ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་ལྷག་བསམ་ལ་བརྟེན་ནས། བསམ་བློ་དང་འགུལ་སྐྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། མྱུར་དུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གྱི་ཚ་རླབས་འཕྱུར་བར་བྱེད་དགོས། སློབ་སྦྱོང་དང་བགྲོ་གླེང་སྤེལ་བར་རྩ་འཛུགས་ནན་མོ་བྱེད་དགོས། གྲོས་ཚོགས་ཀྱི་དགོངས་དོན་ཏང་ཡོན་ཡོངས་ལ་བརྒྱུད་སྒྲོག་བྱེད་པ་དང་། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པ་གཙོར་འཛིན་པ། ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས་གཅིག་བསྡུས་སྒོས་སློབ་སྦྱོང་དང་བགྲོ་གླེང་བྱེད་པ་དང་། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་བསམ་གཞིགས་ཞིབ་མོ་གཏོང་བ། བརྗེ་རེས་གང་ལེགས་བྱས་ཏེ། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱེད་དགོས། ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་མགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཞིབ་འཇུག་ཟབ་མོ་བྱེད་པ། དངོས་སུ་དམ་འཛིན་བྱེད་པ་དང་། མ་རྩོམ་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱེད་པ། གནས་ལུགས་རྟོགས་པར་བྱེད་པ། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་བཞག་སྟེ། སློབ་སྦྱོང་དང་རྒྱུས་ལོན། བཀོལ་སྤྱོད་གསུམ་སྦྲེལ་མཐུད་བྱེད་པ་དང་། ཤེས་པ་དང་ཡིད་ཆེས། ཉམས་ལེན་བཅས་གཅིག་གྱུར་བྱེད་དགོས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་དྲིལ་སྒྲོག་བཟང་པོ་བྱེད་དགོས། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་མགོ་ཁྲིད་དེ་གཞི་རིམ་དུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱེད་པ་དང་། སྣེ་ཁྲིད་ཀྱི་གྲུབ་འབྲས་ཇེ་དྲག་ཏུ་གཏོང་དགོས། དྲིལ་སྒྲོག་སྡེ་ཁག་གིས་དྲིལ་སྒྲོག་སྒྲོག་འགྲེལ་དང་འགྲེལ་བཤད་འགྲེལ་ཀློག་བྱ་བར་ཤུགས་སྣོན་པ་དང་། དྲིལ་སྒྲོག་སྐུལ་སློང་རྒྱ་ཆེར་བྱེད་པ། དྲིལ་སྒྲོག་དང་འགྲེལ་ཀློག་གནད་ལ་འཁེལ་བ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་རེ་རེར་སྒྲོག་པ་དང་མི་རེ་རེར་ཤེས་པར་བྱེད་དགོས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་གྱི་སྨྱན་བྱད་ཀྱིས་དྲིལ་སྒྲོག་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་ཁྱོན་ཆགས་པར་བྱེད་པ་དང་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས། སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་ཀྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཞིབ་འཇུག་དང་འགྲེལ་བཤད་ཀྱི་བྱ་བ་བཟང་པོར་བསྒྲུབ་དགོས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོནགྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱེད་པ། མིག་སྔའི་བྱ་བ་གཙོ་བོ་བཟང་པོར་བསྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བྱེ་བྲག་གི་བྱེད་ཐབས་དང་འགུལ་སྐྱོད་དངོས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་རྨང་གཞིའི་སྟེང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལས་གཞི་སྒྲུབ་པ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དངོས་གོང་གཏན་འཇགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། དམངས་ཚིས་དོན་དངོས་སོགས་བྱ་བ་གཙོ་བོ་དམ་འཛིན་བྱེད་པ། ལོ་ཧྲིལ་པོའི་མཇུག་བསྡུ་བྱ་བ་བཟང་པོར་བསྒྲུབ་ནས། ཧུར་ཐག་གིས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གྱི་གྲུབ་འབྲས་ཆེས་བཟང་པོ་བརྩོན་ལེན་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་པོ་རྩོམ་ཐུབ་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།