ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་མཱ་ཝེ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཞེ་བརྒྱད་གྲོས་ཚོགས་ལ་ཞུགས་པ་དང་ཁྲིམས་བཀོད་ཀྱི་མི་གྲངས་དང་འཐུན། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་དཔལ་འབྱོར་ཡར་སྐུལ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་གི་ཐེངས་གཉིས་པའི་གྲོས་ཞིབ་འཆར་ཟིན་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་རང་སྐྱོང་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་ཆོག་མཆན་སྙན་ཞུ་འབུལ་བའི་གྲོས་གཞི་སྐོར་གྱི་གསལ་བཤད་བཅས་ལ་རིམ་པ་བཞིན་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ལིའུ་ཐུང་ཏི་ཡིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་སྲོལ་ཡིག་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དགེ་ལས་བཅའ་ཁྲིམས་དོན་འཁྱོལ་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཁ་ཤས་ལེགས་སྒྱུར་བྱེད་པའི་སྐོར་གྱི་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་བཅས་ཕུལ་བ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་་དམངས་ཆེན་སྐབས་བཅུ་གསུམ་པའིགྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་ཐག་གཅོད་ལ་ལྟ་སྐུལ་བྱས་པའི་སྐོར་གྱི་སྙན་ཞུ་བཅས་ཕུལ།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྲོལ་ཡིག་ཟཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་རང་སྐྱོང་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་ཞིབ་བཤེར་བསམ་འཆར། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་ཆོག་མཆན་སྙན་ཞུ་འབུལ་བའི་གྲོས་གཞི་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་སྲིད་གཞུང་གི་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དོ་དམ་གནས་ཚུལ་སྐོར་གྱི་སྣ་འཛོམས་སྙན་ཞུ། ཞིང་ཆེན་སྲིད་གཞུང་གི་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ཁ་ཤས་ལེགས་སྒྱུར་བྱེད་པའི་སྐོར་གྱི་སྙན་ཞུར་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་ཐག་གཅོད་ལ་ལྟ་སྐུལ་བྱེད་པའི་སྐོར་གྱི་སྙན་ཞུ་བཅས་དཔར་ནས་བཀྲམ།
ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
མི་ཕམ་མགོན་པོས་བསྒྱུར།